Back to stories list
ང་ཚོའི་གྲོང་གསེབ་ལ་དཀའ་ངལ་མང་པོ་བྱུང་པ་རེད། ཆུ་ལེན་པ་ལ་ང་ཚོས་ཆུ་རྐ་ལར་བང་རིང་པོ་སྒྲིག་གི་ཡོད།
Kijiji changu kilikuwa na matatizo mengi. Tulipanga foleni ndefu tukisubiri kuchota maji kutoka mfereji mmoja.
ང་ཚོས་གཞན་གྱིས་ཞལ་འདེབས་བརྒྱབ་པའི་བཟའ་བཅའ་ལ་རེ་ནས་སྒུག་སྡོད་ཀྱི་ཡོད།
Tulisubiri kupokea msaada wa chakula.
ས་དེར་རྐུན་མ་ཡོད་པས། ང་ཚོས་དགོང་མོ་སྔ་པོ་ནས་སྒོ་ལ་སྒོ་ལྕགས་རྒྱག་གི་ཡོད།
Tulifunga nyumba zetu mapema kwasababu ya wizi.
བྱིས་པ་མང་པོས་སློབ་གྲྭ་གཡུག་དགོས་ཁེལ་བ་རེད།
Watoto wengi waliacha shule.
བུ་མོ་ལོ་ཆུང་ཚོས་གྲོང་གསེབ་གཞན་གྱི་ཁྱིམ་ཚང་དག་ལ་ཁྱིམ་ལས་ཀྱི་ལས་ཀ་བྱས་པ་རེད།
Wasichana wadogo walifanya kazi za nyumbani kwenye vijiji vingine.
མི་ཚོས་ཞིང་ཁའི་ནང་ལ་ལས་ཀ་བྱེད་སྐབས། བུ་ལོ་ཆུང་ཚོ་ནི་གྲོང་གསེབ་ནང་ལ་འཁྱམ་ནས་བསྡད་གི་ཡོད་རེད།
Wavulana wadogo waliranda randa kijijini na wengine walifanya kazi kwenye mashamba ya watu.
ལྷགས་པ་རྒྱག་པའི་སྐབས་ལ། ཤོག་བུའི་གད་སྙིགས་དེ་ཚོ་ཤིང་སྡོང་སྒང་དང་ར་ཁར་ཐོགས་ཀྱི་ཡོད།
Upepo ulipovuma, ulipeperusha karatasi chafu na kuzifikisha mitini na uani.
ཤེལ་ཆག་གང་སར་གཡུག་བཞགས་ཡོད་པ་དེས་མི་ཚོ་ལ་རྨ་བཟོས་པ་རེད།
Watu walikatwa na vipande vya chupa vilivyotupwa ovyo ovyo.
དེ་ནས་ཉིན་གཅིག་ཆུ་རྐ་བསྐམས་ནས་ཆུ་སྣོད་ཐམས་ཅད་སྟོང་བ་ཆགས་པ་རེད།
Halafu siku moja, mfereji wa maji ulikauka na mitungi yetu ikawa mitupu.
ངའི་པ་ལགས་ཁྱིམ་ཚང་རེ་རེའི་སྒོ་ཁར་སོང་ནས་ཁོང་ཚོ་ལ་ཚོགས་འདུར་ཡོང་བར་ཞུ་བ་བྱས་པ་རེད།
Baba yangu alitembea nyumba hadi nyumba akiwaomba watu kuhudhuria mkutano wa kijiji.
མི་མང་རྣམས་ཤིང་སྡོང་ཆེན་པོ་ཞིག་གི་འོག་ཏུ་འཛོམས་ནས་ཉན་པ་རེད།
Watu walikusanyika chini ya mti mkubwa na kusikiliza.
ངའི་པ་ལགས་ཡར་ལངས་ནས། ང་ཚོའི་དཀའ་ངལ་འདི་ཚོ་སེལ་བ་ལ་ང་རང་ཚོ་ཚང་མས་མཉམ་རུབ་ཀྱི་སྒོ་ནས་ལས་ཀ་བྱེད་དགོས་ཀྱི་འདུག་ཅེས་བཤད།
Baba yangu alisimama na kusema, “Tunahitaji kusaidiana kutatua matatizo yetu.”
ཤིང་སྡོང་སྒང་ལ་བསྡད་ཡོད་མཁན་ལོ་བརྒྱད་ཅན་གྱི་བུ་ཇུ་མས། གྲོང་གསེབ་གཙང་མ་བཟོ་བར་ངས་རོགས་པ་བྱེད་ཐུབ་ཅེས་སྐད་བརྒྱབ།
Juma, mtoto wa miaka minane aliyekuwa amekaa kwenye tawi la mti, alisema kwa sauti, “Naweza kusaidia na usafi.”
བུད་མེད་གཅིག་གིས། བུད་མེད་རྣམས་ང་དང་ལྷན་དུ་ཞིང་ཁའི་ནང་འབྲུ་རིགས་འདེབས་པར་ཤོག་ཅེས་བཤད།
Mwanamke mmoja alisema, “Sisi wanawake tunaweza kuungana na kulima.”
མི་གཞན་ཞིག་ཡར་ལང་ནས། ཁྱོ་ག་ཚོས་དོང་ཆུ་བརྐོ་གི་ཡིན་ཞེས་བཤད།
Mwanamume mwingine alisimama na kusema, “Wanaume watachimba kisima cha maji.”
ང་ཚོ་ཚང་མས་སྐད་འགོ་གཅིག་གི་སྒང་། ང་ཚོའི་འཚོ་བའི་གནས་སྟངས་དེ་ནི་ང་རང་ཚོས་ངེས་པར་དུ་འགྱུར་བ་གཏང་དགོས་རེད་ཅེས་བརྗོད། ཉི་མ་དེ་ནས་བཟུང་གྲོང་གསེབ་འདིའི་དཀའ་ངལ་དག་སེལ་བར། ང་ཚོས་མཉམ་རུབ་སྒོ་ནས་འབད་བརྩོན་བྱས་པ་ཡིན།
Sote tulisema kwa sauti moja, “Lazima tubadilishe maisha yetu.” Tangu siku hiyo, tulifanya kazi pamoja kutatua shida zetu.
Written by: Ursula Nafula
Illustrated by: Vusi Malindi
Translated by: འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen
Read by: པད་མ་ཆོས་སྒྲོན། Pema Choedon