ར་དང་ཁྱི། བ་མོ་གསུམ་ནི་གྲོགས་པོ་འཆམ་པོ་ཡོད་རེད། ཉིན་གཅིག་ཁོང་ཚོ་ལྷན་དུ་གླ་བྱེད་རླངས་འཁོར་ནང་ལ་ཕྱིན་པ་རེད།
Mbuzi, Mbwa na Ng’ombe walikuwa marafiki wa karibu sana. Siku moja walisafiri kwa teksi.
ཁོང་ཚོ་འབབ་ཚུགས་ལ་འབྱོར་ནས་མར་འབབ་སྐབས་ཁ་ལོ་བས་གླ་རྩིས་རྒྱག་རོགས་ཞེས་ལབ། དེ་ལྟར་བ་མོས་གླ་རྩིས་བརྒྱབ་པ་རེད།
Walipofika mwisho wa safari yao, dereva aliwaomba walipe nauli zao. Ng’ombe alilipa nauli yake.
ཁྱི་ལ་དངུལ་སིལ་མ་མེད་པས་ཁ་ལོ་བར་གླ་ལས་ཏོག་ཙམ་མང་བ་སྤྲད་པ་རེད།
Mbwa alilipa zaidi kidogo kwa sababu hakuwa na pesa taslimu.
ཁ་ལོ་བས་ཁྱི་ལ་དངུལ་ལྷག་མ་སློག་གྲབ་ཡོད་དུས་ར་ཡིས་གླ་མ་སྤྲད་པར་བྲོས་ནས་ཕྱིན་པ་རེད།
Dereva alipokaribia kumpa Mbwa chenji yake, Mbuzi alitoroka bila kulipa chochote.
ཁ་ལོ་བ་ཧ་ཅང་རླུང་ལངས་པ་དང། ཁོས་ཁྱི་ལ་དངུལ་མ་སློག་པར་རླངས་འཁོར་བཏང་ནས་ཕྱིན་པ་རེད།
Dereva alikasirika sana. Aliondoka bila kumrudishia Mbwa chenji yake.
གནས་ཚུལ་དེ་ལྟར་བྱུང་བའི་རྐྱེན་གྱིས་དུས་དེ་ནས་བཟུང་། རླངས་འཁོར་ཞིག་མཐོང་ཚེ་ཁྱི་རྒྱུགས་ཕྱིན་ནས་ཁོ་རང་ལ་དངུལ་སློག་དགོས་མཁན་གྱི་ཁ་ལོ་བ་དེ་ཡོད་མེད་ལྟ་གི་ཡོད།
Hiyo ndiyo sababu hadi leo Mbwa hukimbiza magari ili achungulie ndani kuona kama atampata dereva mwenye chenji yake.
ར་མས་རླངས་འཁོར་གྱི་སྒྲ་ཐོས་པ་དང་བྲོས་འགྲོ་གི་ཡོད། མོ་རང་གིས་སྔོན་ཆད་རླངས་འཁོར་གྱི་གླ་མ་སྤྲད་པས་འཛིན་བཟུང་བྱེད་ཀྱི་རེད་བསམ་ནས་ཞེད་ཀྱི་ཡོད།
Mbuzi hukimbia anaposikia mlio wa gari. Anaogopa atakamatwa kwa kutolipa nauli.
རླངས་འཁོར་ཡོང་སྐབས་བ་མོ་ལ་དམིགས་བསལ་གྱི་སྣང་བ་གང་ཡང་མེད། མོ་རང་གིས་ཁ་ལོ་བར་གླ་ཆ་ཚང་སྤྲད་ཡོད་པས་ལྷོད་ལྷོད་ངང་རླངས་འཁོར་ལམ་ཁ་བརྒལ་ནས་འགྲོ་གི་ཡོད།།
Na Ng’ombe hababaiki gari likiwa linakuja. Ng’ombe huvuka barabara bila wasiwasi kwa sababu anajua alilipa nauli yake yote.