གླང་ཆེན་ཞིག་གིས་ཆུ་འཐུང་གི་རེད།
一头大象去喝水。
ཤྭ་ཁྲ་སྐེ་རིང་གཉིས་ཀྱིས་ཆུ་འཐུང་གི་རེད།
两只长颈鹿去喝水。
མ་ཧེ་གསུམ་དང་བྱ་བཞིས་ཀྱང་ཆུ་འཐུང་གི་རེད།
这里有三头水牛和四只鸟,全部都要去喝水。
རི་དྭགས་གཙོད་ལྔ་དང་རི་ཕག་དྲུག་རྫིང་ཆུའི་ཁ་ལ་འགྲོ་བཞིན་འདུག
五只高角羚和六只疣猪走去喝水。
རྐྱང་བདུན་རྫིང་ཆུའི་ཁ་ལ་རྒྱུག་ནས་འགྲོ་གི་ཡོད་རེད།
七匹斑馬跑去喝水。
སྦལ་པ་བརྒྱད་དང་ཉ་མོ་དགུ་ཡིས་ཆུ་རྐྱལ་རྒྱག་བཞིན་འདུག
水中有八只青蛙,也有九条鱼。
སེང་གེ་གཅིག་གིས་ངར་སྐད་སྒྲོག་ནས་ཆུ་ཡང་འཐུང་དགོས་བསམ་པ་རེད། སེང་གེར་སུ་སྐྲག་གི་འདུག
一头狮子吼叫着。
他也想喝水。
谁怕狮子了?
གླང་ཆེན་གཅིག་གིས་སེང་གེ་དང་ལྷན་དུ་ཆུ་འཐུང་གི་འདུག།
一头大象和狮子一起喝水。