Download PDF
Back to stories list

སཱ་ཁེ་མ་ཡི་གཞས། Wimbo wa Sakima

Written by Ursula Nafula

Illustrated by Peris Wachuka

Translated by འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen

Read by པད་མ་ཆོས་སྒྲོན། Pema Choedon

Language Tibetan

Level Level 3

Narrate full story

Reading speed

Autoplay story


སཱ་ཁེ་མ་ནི་ཁོ་རང་གི་ཕ་མ་གཉིས་དང་། ལོ་བཞི་ལ་སོན་པའི་ནུ་མོའི་མཉམ་དུ་ཡོད་པ་རེད། ཁོང་ཚོ་མི་ཚང་ཕྱུག་པོ་ཞིག་གི་ས་ཐོག་ན་སྡོད་ཀྱི་ཡོད་ལ། ཁོང་ཚང་གི་སྤྱིལ་བུ་ཆུང་ཆུང་དེ་ནི་ཤིང་སྡོང་བསྟར་ཕྲེང་ཞིག་གི་མཐའ་རུ་ཡོད་པ་རེད།

Sakima aliishi na wazazi wake na dada yake wa miaka minne. Waliishi katika shamba la mtu tajiri. Nyumba yao ya nyasi ilikuwa mwisho wa safu ya miti iliyopendeza.


སཱ་ཁེ་མ་ལོ་གསུམ་ཡིན་དུས་ཁོ་རང་ན་ནས་མིག་ལོང་བར་གྱུར་པ་རེད། ཡིན་ནའང་། སཱ་ཁེ་མ་ནི་བུ་འཇོན་ཐང་ཅན་ཞིག་ཡིན་པ་རེད།

Sakima alipokuwa na umri wa miaka mitatu, aliugua na kupoteza uwezo wa kuona. Hata hivyo, Sakima alikuwa mvulana mwenye kipaji.


སཱ་ཁེ་མ་ཡིས་ལོ་དྲུག་ལ་སོན་པའི་བུ་གཞན་པ་དག་གིས་སྒྲུབ་མི་ཐུབ་པ་རྣམས་ཐུབ་ཀྱི་ཡོད། དཔེར་ན། ཁོ་རང་གྲོང་གསེབ་དེའི་མི་རྒན་པ་ཚོའི་མཉམ་དུ་བསྡད་དེ་དོན་དག་གལ་ཆེན་པོའི་རིགས་ལ་གྲོས་མོལ་བྱེད་ཐུབ་ཀྱི་ཡོད་པ་རེད།

Sakima alitenda mambo mengi ambayo wavulana wengine wa umri wake hawakufanya. Kwa mfano, aliketi na watu wazima na kujadili mambo muhimu.


སཱ་ཁེ་མ་ཡི་ཕ་མ་གཉིས་ཀྱིས་མི་ཚང་ཕྱུག་པོ་དེ་ཚང་དུ་ལས་ཀ་ལས་ཀྱིན་ཡོད་ལ། ཁོང་གཉིས་ནངས་སྔ་མོ་ནས་ལས་ཀར་ཕྱིན་ཏེ། དགོང་མོ་འཕྱི་བོ་མ་གཏོགས་ཕྱིར་ནང་ལ་འབྱོར་གྱི་མེད། དེར་བརྟེན་སཱ་ཁེ་མ་ནི་ཁོ་རང་གི་ནུ་མོ་ཆུང་ཆུང་དེའི་མཉམ་དུ་སྡོད་དགོས་ཀྱི་ཡོད།

Wazazi wa Sakima walifanya kazi katika nyumba ya yule tajiri. Walitoka nyumbani asubuhi na mapema na kurudi jioni. Sakima aliachwa na dada yake.


སཱ་ཁེ་མ་ནི་གཞས་གཏོང་བར་དགའ་མཁན་ཞིག་ཡིན་ལ། ཉིན་ཞིག་ཁོ་རང་གི་ཨ་མས་ཁོ་ལ། “སཱ་ཁེ་མ། ཁྱོད་ཀྱིས་གཞས་འདི་དག་གང་ནས་སྦྱངས་པ་ཡིན།” ཞེས་དྲིས་པ་རེད།

Sakima alipenda kuimba nyimbo. Siku moja mama yake alimuuliza, “Sakima, unajifunza nyimbo hizi kutoka wapi?”


སཱ་ཁེ་མ་ཡིས། “ཨ་མ་ལགས། འདི་དག་རང་བཞིན་གྱིས་ཤེས་པ་ཡིན། ངས་གཞས་དེ་དག་ང་རང་གི་ཀླད་པའི་ནང་ནས་ཐོས་ཀྱི་འདུག དེ་བས་ངས་བླངས་པ་ཡིན།” ཅེས་བཤད་པ་རེད།

Sakima alimjibu, “Nazisikia akilini mwangu kisha naziimba.”


སཱ་ཁེ་མ་ཡིས་ཁོ་རང་གི་ནུ་མོ་ཆུང་ཆུང་དེ་ལ་གཞས་གཏོང་རྒྱུར་དགའ་བོ་ཡོད་ལ། ལྷག་པར་དུ་མོ་རང་གྲོད་ཁོག་ལྟོག་གི་ཡོད་དུས་གཞས་གཏོང་གི་ཡོད། ཁོ་རང་གི་ནུ་མོས་སཱ་ཁེ་མ་ཡི་གཞས་ཡག་ཤོས་དག་ལ་ཉན་རྒྱུར་དགའ་བོ་ཡོད་ལ། ཁོ་རང་གིས་གཞས་གཏོང་སྐབས། མོས་གཞས་གདངས་དང་མཉམ་དུ་ལུས་པོ་ལྡེམ་ལྡེམ་གྱིས་ཉན་གྱི་ཡོད།

Sakima alipenda kumwimbia mdogo wake hasa akihisi njaa. Dada yake alimsikiliza na kucheza.


“ཁྱེད་ཀྱིས་གཞས་དེ་ཡང་བསྐྱར་མགོ་ནས་བླངས་ན་འགྲིག་གི་རེད་དམ།” ཁོའི་ནུ་མོས་དེ་ལྟར་ཞུ་བ་འཐེན་ལ། སཱ་ཁེ་མ་ཡིས་ནུ་མོའི་རེ་བ་ལྟར་དུ་གཞས་དེ་དག་ཡང་དང་བསྐྱར་དུ་ལེན་གྱི་ཡོད།

“Naomba uimbe tena na tena, Sakima,” mdogo wake alimsihi. Sakima alikubali na kuimba mara nyingine.


མཚན་གཅིག་ལ། ཁོང་གི་ཕ་མ་གཉིས་ལས་ཀ་ནས་ཕྱིར་ལོག་ཡོང་དུས་སྐད་ཆ་ཞེ་དྲག་མེད་པར་བསྡད་པ་རེད། སཱ་ཁེ་མ་ཡིས་དེ་མ་ཐག་དོན་དག་ཅིག་འགྲིག་མེད་པ་ཚོར་ཞིང་།

Jioni moja, wazazi wake waliporudi nyumbani, walikuwa kimya sana. Sakima alijua kwamba lazima kulikuwa na jambo baya.


“ཨ་མ་ལགས། པཱ་ལགས། དོན་དག་མ་འགྲིག་པ་ག་རེ་བྱུང་སོང་།” ཞེས་དྲིས། སཱ་ཁེ་མ་ཡིས་མི་ཚང་ཕྱུག་པོ་དེའི་བུ་བོར་བརླག་ལ་ཕྱིན་པ་དང་ཁྱིམ་བདག་དེ་སྡུག་བསྔལ་གི་ནང་དུ་ལྷག་ཡོད་པ་ཤེས་པ་རེད།

“Kuna shida gani, mama, baba?” Sakima aliuliza. Sakima aligundua kwamba mwana wa tajiri wao alikuwa amepotea. Tajiri alihuzunika na kuwa na upweke mkubwa.


“ངས་ཁོང་ལ་གཞས་གཏོང་ཆོག གཅིག་བྱས་ན་ཁོང་སྐྱིད་པོ་ཡོང་སྲིད་གི་རེད།” སཱ་ཁེ་མ་ཡིས་དེ་ལྟར་ཁོང་གི་ཕ་མ་གཉིས་ལ་བཤད། ཡིན་ནའང་ཁོང་གི་ཕ་མ་གཉིས་ཀྱིས་ཉན་འཇོག་མ་བྱས་པ་རེད། “ཁོང་ཧ་ཅང་ཕྱུག་པོ་རེད། ཁྱོད་རང་ནི་བུ་ཆུང་ལོང་བ་ཞིག་རེད། ཁྱོད་ཀྱིས་བསམ་ན་ཁྱོད་ཀྱི་གཞས་དེ་དག་གིས་ཁོང་སྐྱིད་པོ་ཡོང་བ་བཟོ་ཐུབ་ཀྱི་རེད་དམ།”

“Labda atafurahi tena nikimwimbia,” Sakima aliwaambia wazazi wake. Wazazi wake walidharau wazo lake. “Yeye ni tajiri sana. Wewe ni mvulana asiyeona. Unadhani wimbo wako utamsaidia?”


ཡིན་ནའང་། སཱ་ཁེ་མ་ཡིས་ཁོ་རང་གི་རེ་བ་མཚམས་འཇོག་བྱས་ཡོད་པ་མ་རེད། ཁོ་རང་གི་ནུ་མོ་ཆུང་ཆུང་དེས་ཁོ་ལ་རྒྱབ་སྐྱོར་བྱས་པ་རེད། ནུ་མོས་ཕ་མ་གཉིས་ལ། “སཱ་ཁེ་མ་ཡི་གཞས་དེ་ཚོས་ང་རང་གྲོད་ཁོག་ལྟོག་དུས་སེམས་གསོ་གནང་ཐུབ་ཀྱི་འདུག ཁོང་གི་གཞས་ཀྱིས་ཕྱུག་པོ་དེ་ལའང་སེམས་གསོ་བྱེད་ཐུབ་སྲིད་པ་རེད།” ཅེས་བཤད།

Hata hivyo, Sakima hakukata tamaa. Mdogo wake alimpa moyo. Alisema, “Nyimbo za Sakima hunituliza mimi nikiwa na njaa. Zitamtuliza tajiri vile vile.”


ཉིན་རྗེས་མ་དེར། སཱ་ཁེ་མ་ཡིས་ཁོ་རང་གི་ནུ་མོ་ཆུང་ཆུང་དེ་ལ་ཁོ་རང་མི་ཚང་ཕྱུག་པོ་དེ་ཚང་ལ་འཁྲིད་རོགས་ཞེས་བཤད་པ་རེད།

Siku iliyofuata, Sakima alimwomba mdogo wake amwongoze hadi kwenye nyumba ya tajiri.


ཁོ་རང་མི་ཚང་དེའི་ཁང་བའི་སྒེའུ་ཁུང་ཆེན་པོ་ཞིག་གི་གཤམ་ལ་ལངས་བསྡད་དེ། གཞས་སྙན་ཤོས་ཤིག་བླངས་པ་རེད། ཡུན་རིང་མ་འགོར་བར་མི་ཕྱུག་པོ་དེའི་མགོ་སྒེའུ་ཁུང་ནང་ནས་ག་ལེར་ཕྱི་ལ་བཏོན་ནས་ཉན་པ་རེད།

Alisimama chini ya dirisha moja kubwa na kuanza kuimba wimbo wake alioupenda. Pole pole, kichwa cha tajiri kilionekana dirishani.


ཁྱིམ་ཚང་དེར་ལས་ཀ་ལས་བཞིན་པའི་མི་རྣམས་ཀྱིས་ལས་མཚམས་བཞག་ཅིང་། སཱ་ཁེ་མ་ཡི་གཞས་ལ་ཉན་པ་རེད། ཁོང་ཚོའི་ནང་གི་མི་གཅིག་གིས། “མི་སུ་གཅིག་གིས་ཀྱང་དཔོན་པོ་ཁོང་ལ་སེམས་གསོ་གནང་ཐུབ་ཀྱི་ཡོད་པ་མ་རེད། བུ་ཆུང་ལོང་བ་འདི་ཡི་སེམས་ལ་ཁོ་རང་གིས་སེམས་གསོ་བྱེད་ཐུབ་པར་འདོད་པ་ཡིན་ནམ།” ཞེས་བཤད་པ་རེད།

Wafanyakazi waliacha kazi zao. Wakasikiliza wimbo mzuri wa Sakima. Hata hivyo, mwanamume mmoja alisema, “Hakuna aliyefaulu kumtuliza bwana. Je, huyu mvulana asiyeona anafikiri atamtuliza?”


སཱ་ཁེ་མ་ཡིས་གཞས་བཏང་ཚར་རྗེས་ཕྱིར་ནང་ལ་ལོག་རྩིས་བྱས་པ་རེད། སྐབས་དེར་མི་ཕྱུག་པོ་དེ་ཕྱི་ལ་རྒྱུག་ཡོང་ནས། “སྐུ་མཁྱེན། ད་དུང་གཞས་ཤིག་གཏོང་རོགས།” ཞེས་བཤད་པ་རེད།

Sakima alipomaliza kuimba wimbo wake alianza kuondoka. Tajiri alitoka nje kwa haraka na kusema, “Tafadhali, imba tena.”


སྐབས་མཚམས་ཏག་ཏག་དེར་མི་གཉིས་ཀྱིས་འགྱོགས་ཁྲི་ཞིག་གི་སྟེང་ལ་མི་ཞིག་བཞག་ནས་ཡོང་གི་ཡོད་ལ། རྗེས་ལ་ཤེས་དུས། མི་དེ་གཉིས་ཀྱིས་ཕྱུག་པོའི་བུ་ལ་མི་གཞན་པས་ཉེས་རྡུང་བཏང་སྟེ་ལམ་གྱི་ཟུར་ལ་གཡུག་བཞག་པ་རྙེད་ནས་ཁྱེར་ཡོང་བ་རེད།

Wakati huo huo, watu wawili walikuja wakiwa wamembeba mtu kwenye machela. Walimkuta mwana wa tajiri akiwa amechapwa na kuachwa kando ya barabara.


མི་ཕྱུག་པོ་དེ་ནི་ཁོ་རང་གི་བུ་ལ་བསྐྱར་དུ་ཐུག་པར་དགའ་སྤྲོ་ཆེན་པོ་སྐྱེས་ཤིང་། སཱ་ཁེ་མ་ལ་སེམས་གསོའི་གཞས་བླངས་པར་རྔན་པ་སྤྲད་པ་མ་ཟད། ཁོང་གིས་རང་གི་བུ་དང་སཱ་ཁེ་མ་གཉིས་སྨན་ཁང་དུ་ཁྲིད་ཅིང་། དུས་དེ་ནས་བཟུང་སཱ་ཁེ་མ་ཡི་མིག་དྲག་སྐྱེད་བྱུང་སྟེ་སླར་ཡང་མཐོང་ཐུབ་པར་གྱུར་པ་རེད།

Tajiri alifurahi sana kumwona mwana wake tena. Alimzawadia Sakima kwa kumliwaza. Aliwapeleka mwanawe na Sakima hosipitali ili Sakima aweze kusaidiwa kuona tena.


Written by: Ursula Nafula
Illustrated by: Peris Wachuka
Translated by: འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen
Read by: པད་མ་ཆོས་སྒྲོན། Pema Choedon
Language: Tibetan
Level: Level 3
Source: Sakima's song from African Storybook
Creative Commons License
This work is licensed under a Creative Commons Attribution 4.0 International License.
Options
Back to stories list Download PDF