Download PDF
Back to stories list

བྱ་མོ་དང་གླག་མོ། Kuku na Tai

Written by Ann Nduku

Illustrated by Wiehan de Jager

Translated by འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen

Read by པད་མ་ཆོས་སྒྲོན། Pema Choedon

Language Tibetan

Level Level 3

Narrate full story

Reading speed

Autoplay story


གནའ་སྔ་མོའི་དུས་ལ། བྱ་མོ་དང་གླག་མོ་གཉིས་ནི་གྲོགས་པོ་ཡིན་ལ། ཁོང་གཉིས་ཀས་ཉེ་འཁོར་གྱི་བྱ་ཁྱུ་དང་ལྷན་དུ་ཞི་བདེ་བག་ཕབ་ཀྱི་ངང་འཚོ་བ་རོལ་བཞིན་ཡོད། ཡིན་ནའང་། སྐབས་དེ་དུས་ཁོང་གཉིས་ཀྱི་སུ་ཡང་འཕུར་ཤེས་ཀྱི་མེད།

Hapo zamani za kale, Kuku na Tai walikuwa marafiki. Waliishi kwa amani na ndege wengine. Hakuna kati yao aliyeweza kupaa.


ཉིན་ཞིག་ལ་ཡུལ་དེར་མུ་གེ་ཆེན་པོ་ཞིག་བསླེབས་ཤིང་། གླག་མོ་དེ་ཟ་མ་འཚོལ་ཆེད་དུ་ས་ཆ་ཐག་རིང་པོ་ཞིག་ལ་གོམ་པ་རྒྱབ་སྟེ་ཕྱིན་པ་རེད། མོ་རང་ཕྱིར་འབྱོར་དུས་ཧ་ཅང་ཐང་ཆད་ནས་ཡོད་ཅིང་། “ས་ཆ་ཐག་རིང་དུ་ཕྱོགས་སྐྱོད་བྱེད་པ་ལ་ལམ་ཁ་སྟབས་བདེ་ཤོས་གཞན་ཞིག་ངེས་པར་དུ་ཡོད་སྲིད།” ཅེས་བཤད་པ་རེད།

Kuna siku njaa ilitokea. Ikamlazimu Tai kutembea umbali mrefu kutafuta chakula. Alirudi akiwa amechoka sana. “Lazima kuwe na njia rahisi ya kusafiri!” Tai alisema.


ཁོང་གཉིས་མཚན་མོ་དེར་གཉིད་ཡག་པོ་ཞིག་ཁུག་ཅིང་། ཕྱི་ཉིན་བྱ་མོ་དེས་རིག་པ་ཡག་པོ་ཞིག་རྙེད་པ་རེད། མོས་རང་གི་གྲོགས་པོ་བྱ་གཞན་པ་ཀུན་གྱི་བྱ་སྒྲོ་ས་ལ་ལྷུང་བ་རྣམས་བསྡུ་རུབ་བྱས་ཤིང་། ངེད་གཉིས་ཀྱིས་འདི་དག་རང་ཉིད་ཀྱི་བྱ་སྒྲོའི་སྒང་ལ་ལྷན་པའི་ཚུལ་དུ་འཚེམ་དང་། གཅིག་བྱས་ན་ཐག་རིང་དུ་ཕྱོགས་སྐྱོད་བྱེད་པར་ཕན་སྲིད་པ་རེད་ཅེས་བཤད།

Baada ya usingizi mnono wa usiku, Kuku alijiwa na wazo zuri sana. Akaanza kukusanya manyoya yaliyodondoka kutoka kwa ndege wenzao. “Tuyashonee haya manyoya juu ya manyoya yetu,” Kuku alisema. “Labda itaturahisishia kusafiri.”


ཁོང་ཚོའི་གྲོང་གསེབ་དེ་རུ་ཁབ་ཡོད་མཁན་ནི་གླག་མོ་གཅིག་པུ་ཡིན་ལ། གླག་མོས་ས་ལ་འཐོར་བའི་བྱ་སྒྲོ་རྣམས་ཡར་སྒྲིག་སྟེ་རང་ཉིད་ལ་ཡིད་དུ་འོང་བའི་གཤོག་པ་ཆ་ཞིག་བཟོས་ཤིང་། བྱ་མོ་དེའི་མགོ་ཐོག་ནས་ལྡིང་སྐོར་བྱེད་བཞིན་འཕུར་བ་རེད། བྱ་མོས་ཁབ་དེ་གཡར་ནས་རང་ཉིད་ལའང་གཤོག་པ་ཆ་ཞིག་བཟོ་རྩིས་བྱས་ནའང། ཅུང་མ་འགོར་བར་ཐང་ཆད་དེ་གཤོག་པ་མ་བཟོས་པ་རེད། ཁོ་མོས་ཁབ་དེ་སྐར་སྒམ་སྟེང་དུ་བཞག་སྟེ། རང་གི་བྱ་ཕྲུག་རྣམས་ལ་ཟ་མ་བཟོ་ཆེད་དུ་ཐབ་ཚང་ནང་ལ་ཕྱིན་པ་རེད།

Tai pekee ndiye aliyekuwa na sindano kijijini, kwa hiyo akaanza kushona wa kwanza. Akajitengenezea mabawa mawili mazuri na akapaa juu ya kuku. Kuku aliazima sindano lakini akachoka kushona baada ya muda mfupi. Akaacha sindano kabatini na akaenda jikoni kuandaa chakula kwa ajili ya watoto wake.


ཡིན་ནའང་བྱ་གཞན་པ་རྣམས་ཀྱིས་གླག་མོ་བར་སྣང་ནས་རྒྱང་རིང་དུ་འཕུར་བ་མཐོང་རྗེས། བྱ་མོ་ལ་ཁབ་དེ་ཁོང་ཚོར་གཡར་རོགས་ཞེས་ཞུས་ཤིང་། སོ་སོར་དགོས་པའི་གཤོག་པ་ཆ་རེ་བཟོས་པ་རེད། དུས་དེ་ནས་བཟུང་བར་སྣང་གི་ག་ས་གང་དུ་བྱ་རིགས་འདྲ་མིན་སྣ་ཚོགས་འཕུར་མགོ་ཚུགས་པ་རེད།

Lakini ndege wengine walimwona Tai akipaa. Wakamwomba Kuku awaazime sindano ili nao wajishonee mabawa pia. Muda si mrefu ndege wakawa wamepaa na kuzagaa anga zima.


ཉིན་དེར་གཤོག་པ་འཚེམ་མཁན་གྱི་བྱ་མཐའ་མ་དེས་ཁབ་དེ་ཕྱིར་ཁྱེར་ཡོང་སྐབས། བྱ་མོ་དེ་ཁོ་མོའི་ཁྱིམ་དུ་མེད་ལ། དེའི་རྐྱེན་གྱིས་བྱ་མོའི་བྱ་ཕྲུག་རྣམས་ཀྱིས་ཁབ་དེ་བླངས་ཤིང་རྩེད་མོ་རྩེས་པ་རེད། ཁོང་ཚོ་རྩེས་ནས་ཐང་ཆད་སྐབས་གླག་མོའི་ཁབ་དེ་བྱེ་མའི་ནང་དུ་ལྷག་པ་རེད།

Ndege wa mwisho aliporudisha sindano aliyoazima, Kuku hakuwepo. Kwa hiyo watoto wake wakachukua sindano na wakaanza kuichezea. Walipochoka na mchezo wao, wakaiacha sindano kwenye mchanga.


ཉིན་དེའི་ཕྱི་དྲོར། གླག་མོ་ཕྱིར་ཡོང་སྟེ་ཁོ་མོ་འཕུར་སྐྱོད་བྱེད་སྐབས་བྱ་སྒྲོ་འགའ་རེ་ཅུང་ལྷོད་པོར་གྱུར་སྟབས་བཟོ་བཅོས་རྒྱག་དགོས་ལ། ཁབ་དེ་ཕྱིར་དགོས་པར་བཤད་པ་རེད། བྱ་མོས་ལགས་སོ་ཞུས་ཏེ། ཁབ་དེ་མོ་རང་གི་སྐར་སྒམ་སྟེང་དུ་བཙལ་སྐབས་དེར་མེད་ལ། དེ་ནས་ཐབ་ཚང་ནང་དང་། ཁང་བའི་ར་སྐོར་ནང་སོགས་ག་ས་གང་དུ་བཙལ་རུང་ཁབ་དེ་མཐོང་ཡུལ་དུ་མ་གྱུར་བ་རེད།

Baadaye jioni Tai akarudi. Akaomba sindano ili aweze kushona baadhi ya manyoya yaliyokuwa yameanza kulegea alipokuwa safarini. Akaangalia kwenye kabati. Akaangalia jikoni. Akaangalia uani. Ila sindano haikupatikana.


“ང་ལ་ཉི་མ་གཅིག་གི་དུས་ཚོད་སྟེར་རོགས། དེའི་རིང་ལ་ངས་རྙེད་པ་བྱེད། ཉིན་གཅིག་གི་རྗེས་ནས་ཁྱེད་ཀྱིས་རང་གི་གཤོག་པ་རྣམས་བསྐྱར་བཟོ་བྱེད་ཆོག་པ་མ་ཟད། ཐག་རིང་དུ་ཟ་མ་འཚོལ་བར་འཕུར་ཆོག་གི་རེད།” ཅེས་བྱ་མོས་གླག་མོ་ལ་ཞུ་བ་འཐེན་པ་རེད། “ཉི་མ་གཅིག་རང་གཅིག་ཡིན། གལ་སྲིད་ཉིན་གཅིག་གི་རྗེས་ལ་ཁྱེད་ཀྱིས་ཁབ་དེ་མ་རྙེད་པ་རེད། ཁྱོད་ཀྱི་བྱ་ཕྲུག་གཅིག་ང་ལ་སྐྱིན་ཚབ་ཏུ་སྟེར་དགོས།” ཞེས་བཤད།

“Nipatie siku moja,” Kuku alimwomba Tai. “Halafu utaweza kushona bawa lako na kuruka tena kwenda kutafuta chakula.” “Siku moja tu,” alisema Tai. “Kama hutaipata sindano, itabidi unipe kimoja cha vifaranga vyako kama malipo.”


ཉིན་གཅིག་གི་རྗེས་ལ་གླག་མོ་ཕྱིར་ཡོང་སྐབས། བྱ་མོས་བྱེ་མའི་ནང་དུ་མཆུ་ཏོ་འབྲད་བཞིན་དུ་བསྡད་ཡོད་མོད་ཁབ་དེ་རྙེད་མེད་པ་རེད། གླག་མོ་དེ་བར་སྣང་ནས་འཁྱུག་མྱུར་གྱིས་འཕུར་ཡོང་སྟེ། བྱ་མོ་དེའི་བྱ་ཕྲུག་གཅིག་བཟུང་སྟེ་ཐག་རིང་དུ་འཕུར་ནས་ཕྱིན་པ་རེད། དུས་དེ་ནས་བཟུང་ནམ་རྒྱུན་དུ། གླག་མོ་དེ་ག་དུས་བར་སྣང་ལ་འཕུར་ཡོང་སྐབས། བྱ་མོས་བྱེ་མའི་ནང་དུ་མཆུ་ཏོ་འབྲད་བཞིན་ཁབ་དེ་འཚོལ་བཞིན་ཡོད་པ་རེད།

Tai aliporudi siku iliyofuata, alimkuta Kuku akichakura mchangani, ila hakukuwa na sindano. Kwa hiyo Tai alishuka kwa kasi na kukwapua kifaranga kimoja. Akaondoka nacho. Tangu hapo, kila Tai anapojitokeza humkuta Kuku akichakura kwenye mchanga akitafuta sindano.


གླག་མོའི་གཤོག་ཟུང་གི་གྲིབ་མ་ཆེན་པོ་དེ་ས་ངོས་ལ་རྒྱབ་ཡོང་སྐབས། བྱ་མོས་རང་གི་ཕྲུ་གུ་ཚོར། “ཕྲུ་གུ་ཚོ། ཁྱེད་ཚོ་ས་བདེ་ས་སྙོམ་ས་འདི་ནས་མགྱོགས་པོ་ཕྱིར་རྒྱུག” ཅེས་ཉེན་བརྡ་གཏོང་གི་ཡོད་ནའང་། བྱ་ཕྲུག་རྣམས་ཀྱིས་ཕྱིར།“ང་ཚོ་ལྐུགས་པ་མིན། ང་ཚོ་འདི་ནས་རྒྱུག་ཤར་ལེན་གི་ཡིན།” ཅེས་ལན་འདེབ་ཀྱི་ཡོད་པ་རེད།

Kila kivuli cha mabawa ya Tai kinapoonekana ardhini, Kuku huwatahadharisha vifaranga vyake. “Tokeni kwenye eneo la wazi.” Na wanajibu: “Sisi si wajinga. Tutakimbia.”


Written by: Ann Nduku
Illustrated by: Wiehan de Jager
Translated by: འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen
Read by: པད་མ་ཆོས་སྒྲོན། Pema Choedon
Language: Tibetan
Level: Level 3
Source: Hen and Eagle from African Storybook
Creative Commons License
This work is licensed under a Creative Commons Attribution 3.0 International License.
Options
Back to stories list Download PDF