Download PDF
Back to stories list

སྨོ་སྨོ་ཡོད་སར་གུང་གསེང་ལ་ཕྱིན་པ། Likizo kwa bibi

Written by Violet Otieno

Illustrated by Catherine Groenewald

Translated by འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen

Read by པད་མ་ཆོས་སྒྲོན། Pema Choedon

Language Tibetan

Level Level 4

Narrate full story

Reading speed

Autoplay story


ཨོ་ཌོན་གྷོ་དང་ཨ་པི་ཡོ་གཉིས་ནི་ཁོ་གཉིས་ཀྱི་ཨ་ཕ་དང་མཉམ་དུ་གྲོང་ཁྱེར་ཞིག་ཏུ་ཡོད་ལ། ཁོང་གཉིས་ཀྱིས་གུང་གསེང་ལ་འགྲོ་རྒྱུར་སྒུག་བསྡད་ཡོད་པ་རེད། གུང་གསེང་ལ་དེ་ལྟར་སྒུག་དོན་ནི་སློབ་གྲྭ་ལ་གུང་གསེང་སྤྲད་པའི་རྐྱེན་གཅིག་པོ་མིན་པར། ཁོང་གཉིས་སྨོ་སྨོ་ལ་ལྟ་རུ་འགྲོ་རྒྱུ་ཡིན་པའི་དབང་གིས་ཡིན་ལ། ཁོང་གཉིས་ཀྱི་སྨོ་སྨོ་ནི་མཚོ་ཆུང་ཞིག་གི་འགྲམ་ན་ཆགས་ཤིང་ཉ་ལ་བརྟེན་ནས་འཚོ་བ་རོལ་གྱིན་པའི་གྲོང་གསེབ་ཅིག་ཏུ་ཡོད་པ་རེད།

Odongo na Apiyo waliishi mjini na baba yao. Walisubiri likizo kwa hamu. Siyo tu kwa shule kufungwa, bali ni kwa sababu walienda kumtembelea bibi yao. Aliishi katika kijiji cha uvuvi karibu na ziwa kubwa.


ཨོ་ཌོན་གྷོ་དང་ཨ་པི་ཡོ་གཉིས་སླར་ཡང་སྨོ་སྨོ་ལ་ལྟ་རུ་འགྲོ་བའི་དུས་ཚོད་ལ་སླེབ་པའི་རྐྱེན་གྱིས་སེམས་ནང་དགའ་སྤྲོ་དང་བྲེལ་བ་ལངས་བསྡད་ཡོད་པ་དང་། ཁོང་གཉིས་ལམ་ལ་མ་ཆས་པའི་སྔོན་གྱི་དགོང་མོ་དེར། ཅ་ལག་ཚང་མ་བསྡུ་གསོག་བརྒྱབ་སྟེ་སྨོ་སྨོའི་གྲོང་གསེབ་བར་དུ་འགྲོ་རྒྱུའི་འགྲུལ་བཞུད་རིང་པོ་དེར་གྲ་སྒྲིག་བྱས་པ་རེད། ཁོང་གཉིས་མཚན་མོ་དེར་གཉིད་ཁུག་མ་ཐུབ་པར། མཚན་གང་བོར་གུང་གསེང་གི་སྐོར་གཅིག་པོ་གླེང་ནས་བསྡད་པ་རེད།

Odongo na Apiyo walichangamka kwani ulikuwa wakati wa kumtembelea bibi kwa mara nyingine. Usiku huo, walipanga mizigo yao na kujiandaa kwa safari ndefu ya kwenda kijijini. Hawakuweza kulala ila waliongea usiku kucha juu ya likizo yao.


ཕྱི་ཉིན་ཞོགས་པ་སྔ་པོར། ཁོང་གཉིས་ཨ་ཕའི་རླངས་འཁོར་ནང་བསྡད་ནས་གྲོང་གསེབ་དེར་ལམ་ལ་ཆས་པ་རེད། ལམ་བར་ནས་ཁོང་གཉིས་རི་བོ་མཐོན་པོ་དང་རི་སྐྱེས་སྲོག་ཆགས། ཇ་ཤིང་ཞིང་ར་སོགས་བརྒྱུད་ནས་ཕྱིན་ལ། ད་དུང་ལམ་ཁ་ན་རྒྱུག་བཞིན་པའི་རླངས་འཁོར་ལ་གྲངས་ཀ་རྒྱག་བཞིན་དང་། གཞས་གཏོང་བཞིན་དུ་སོང་བ་རེད།

Mapema asubuhi iliyofuata, waliondoka katika gari la baba yao kuelekea kijijini. Walipita milima, wanyama pori na mashamba ya majani ya chai. Walihesabu magari na kuimba nyimbo.


ཡུན་རིང་མ་ཕྱིན་པར། ཁོ་གཉིས་ཀ་ཐང་ཆད་ཅིང་གཉིད་ལ་ཤོར་བ་རེད།

Baada ya muda, watoto walichoka na kusinzia.


ཁོང་ཚོ་གྲོང་གསེབ་ལ་འབྱོར་བ་དང་ཨ་ཕས་ཨོ་ཌོན་གྷོ་དང་ཨ་པི་ཡོ་གཉིས་གཉིད་ལས་བསླངས། གཉིད་སད་དུས་ཁོང་གཉིས་ཀྱིས་རང་གི་སྨོ་སྨོ་ངཱར་ ཁན་ཡ་ཌ་ཁོང་ཤིང་སྡོང་ཞིག་གི་རྩ་ན་གདན་ཞིག་བཏིང་སྟེ། དེའི་སྟེང་ན་སྡོད་པ་མཐོང་བ་རེད། གླའོ་ལུང་བ་ནས་ངཱོར་ ཁན་ཡ་ཌ་ ཞེས་པ་ནི་ཁན་ཡ་ཌའི་བུ་མོ་ཞེས་པའི་དོན་ཡིན། སྨོ་སྨོ་ཁོང་ནི་གཟུགས་སྟོབས་ཆེན་པོ་དང་སྙིང་རྗེ་མོ་ཞིག་ཡོད་པ་རེད།

Baba aliwaamsha Odongo na Apiyo walipofika kijijini. Walimkuta bibi yao, Nyar-Kanyada, akipumzika kwenye mkeka chini ya mti. Kwa Dholuo, Nyar-Kanyada maana yake ni ‘binti wa watu wa Kanyada’. Alikuwa ni mwanamke mrembo na imara.


སྨོ་སྨོ་ངཱོར་ཁན་ཡ་ཌ་ཡིས་ཁོང་ཚོ་ཁྱིམ་དུ་བསུས་ཤིང་མོ་རང་དགའ་སྤྲོ་ཆེན་པོ་སྐྱེས་པའི་དབང་གིས་ནང་ནས་གཞས་གཏོང་བ་དང་བྲོ་འཁྲབ་པ་སོགས་བྱས་ལ། མོ་རང་གི་ཚ་བོ་དང་ཚ་མོ་གཉིས་ཀྱིས་གྲོང་ཁྱེར་ནས་སྨོ་སྨོ་ལ་ཉོས་ཡོང་བའི་རྔན་པ་སྟེར་བར་བྲེལ་བ་ལངས་པ་རེད། ཨོ་ཌོན་གྷོ་ཡིས་སྨོ་སྨོ་ལ་ཐོག་མར་ངའི་རྔན་པའི་ཁ་ཕྱེ་རོགས་ཞེས་བཤད་ལ། དེ་མ་ཐག་ཨ་པི་ཡོ་ཡིས་སྨོ་སྨོ་ལ། དེ་འགྲིག་གི་མ་རེད། ཐོག་མར་ངས་ཁྱེར་ཡོང་བའི་རྔན་པ་ལ་ལྟ་རོགས་ཞེས་བཤད་པ་རེད།

Nyar-Kanyada aliwakaribisha ndani kwa kucheza na kuimba kwa furaha. Wajukuu wake walikuwa na shauku ya kumpa zawadi walizomletea kutoka mjini. “Fungua yangu kwanza,” Odongo alisema. “Hapana, yangu kwanza!” Apiyo akasema.


རྔན་པ་གཉིས་ཀའི་ཁ་ཕྱེས་རྗེས། སྨོ་སྨོས་ཁོ་རང་ཚོའི་ལུང་པའི་འགྲོ་སྟངས་ལྟར། མོ་རང་གི་ཚ་བོ་དང་ཚ་མོ་གཉིས་ཀར་བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

Baada ya kufungua zawadi, Nyar-Kanyada aliwabariki wajukuu wake kitamaduni.


དེ་ནས་ཨོ་ཌོན་གྷོ་དང་ཨ་པི་ཡོ་གཉིས་ཕྱི་ལོགས་ལ་ཕྱིན་ཏེ། བྱེ་མ་ལེབ་དང་བྱེའུ་སོགས་ཡར་བདའ་མར་བདའ་བྱས་ནས་རྩེད་མོ་རྩེས་པ་རེད།

Kisha Odongo na Apiyo wakaenda nje. Waliwakimbiza vipepeo na ndege.


ཁོ་གཉིས་ཤིང་སྡོང་གི་སྟེང་ལ་འཛེགས་ནས་རྩེས་པ་དང་། མཚོ་ཆུང་ནང་དུ་བརྒལ་ནས་ཆུ་རྩེས་ཀྱང་བྱས་པ་རེད།

Walipanda kwenye miti na kurushiana maji ziwani.


དགོང་མོ་ནག་ཁུང་ཆགས་རྗེས་ཁོ་གཉིས་ཕྱིར་སྨོ་སྨོའི་ནང་ལ་དགོང་མོའི་ཟ་མ་བཟའ་བར་ཡོང་ལ། ཟ་མ་ཟོས་ནས་མ་ཚར་གོང་ལ་ཁོང་གཉིས་གཉིད་ལ་ཤོར་བ་རེད།

Giza Iilipoingia, walirudi nyumbani kwa ajili ya chakula cha jioni. Kabla hata ya kumaliza kula, walikuwa wanasinzia!


ཉིན་ཕྱི་མ་དེར། ཨ་ཕས་བྱིས་པ་གཉིས་སྨོ་སྨོའི་འགྲམ་དུ་བཞག་སྟེ་རླངས་འཁོར་སྐོར་ནས་ཕྱིར་གྲོང་ཁྱེར་དུ་ལོག་སོང་བ་རེད།

Siku iliyofuata, baba yao alirudi mjini na kuwaacha na Nyar-Kanyada.


ཨོ་ཌོན་གྷོ་དང་ཨ་པི་ཡོ་གཉིས་ཀྱིས་སྨོ་སྨོ་ལ་ཁྱིམ་ལས་ཀྱི་སྐོར་ནས་ལས་རོགས་བྱས་ཤིང་། ཁོང་གཉིས་སོང་ནས་ཆུ་ལེན་པ་དང་། མེ་ཤིང་འཐུ་བ། བྱ་ཚང་ནང་ནས་སྒོ་ང་ཁྱེར་ཡོང་བ་དང་། སྨོ་སྨོའི་ར་སྐོར་ནང་ནས་སྔོ་ཚོད་སོགས་བཏོག་ནས་ཡོང་བ་རེད།

Odongo na Apiyo walimsaidia bibi yao na kazi za nyumbani. Walichota maji na kuokota kuni. Walikusanya mayai ya kuku na kuchuma mboga za majani kutoka kwenye bustani.


སྨོ་སྨོ་ངཱོར་ཁན་ཡ་ཌ་ཡིས་ཚ་བོ་དང་ཚ་མོ་གཉིས་ལ་འབྲུ་རིགས་ཀྱི་སྙེ་མ་ཆུ་བཙོ་བྱས་ནས་སྐོལ་སྟངས་དང་། ཉ་ཤ་སྲེག་མ་དང་མཉམ་དུ་བེ་འབྲས་ཀྱི་ཟ་མ་གང་འདྲ་བྱས་ནས་བཟོ་དགོས་པ་སོགས་བསླབས་པ་རེད།

Nyar-Kanyada aliwafundisha wajukuu wake jinsi ya kupika ugali mwepesi wa kula na mchuzi. Aliwaonesha namna ya kupika wali wa nazi wa kuliwa na samaki wa kukaanga.


ཞོགས་པ་ཞིག་ལ། ཨོ་ཌོན་གྷོ་ཡིས་སྨོ་སྨོའི་བ་མོ་རྩྭ་ཁ་ལ་དེད་ཅིང་། ཁོ་དང་བ་མོ་གཉིས་ཁྱིམ་མཚེས་ཚང་གི་ཞིང་ཁ་ལ་ཕྱིན་པ་རེད། ཁྱིམ་མཚེས་ཞིང་པ་དེ་ཁོང་ཁྲོ་ལངས་པ་དང་། ཁོང་གི་ཞིང་ཁའི་འབྲུ་རིགས་ཟོས་པའི་རྐྱེན་གྱིས་བ་མོ་དེ་ཕྱིར་སྤྲོད་རྒྱུ་མིན་ཚུལ་བཤད་ནས་ཞེད་སྣང་སྐུལ། ཉིན་དེ་ནས་བཟུང་། བུ་ཆུང་གིས་བ་མོ་རྩྭ་ཁར་འདེད་སྐབས་གཞན་གྱི་ཞིང་ཁར་རྒྱུག་སྟེ་དཀའ་རྙོག་བཟོ་མི་འཇུག་རྒྱུའི་དམ་བཅའ་བྱས།

Asubuhi moja, Odongo aliwapeleka ng’ombe wa bibi yake malishoni. Wakakimbilia ndani ya shamba la jirani. Mwenye shamba alikasirishwa sana na Odongo. Akatishia kuwazuia ng’ombe kula mimea yake. Tangu siku hiyo, Odongo alihakikisha kwamba ng’ombe hawaingii matatani tena.


ཉིན་གཞན་ཞིག་ལ། བྱིས་པ་དེ་གཉིས་སྨོ་སྨོ་ངཱོར་ ཁན་ཡ་ཌ་ དང་མཉམ་དུ་ཁྲོམ་ལ་ཕྱིན། སྨོ་སྨོ་ལ་སྔོ་ཚལ་དང་། བྱེ་མ་ཀ་ར། ཁུ་ཐང་སོགས་འཚོང་སའི་ཁྲོམ་ས་ཞིག་ཡོད་པ་རེད། ཨ་པི་ཡོ་ནི་ཚོང་ཟོག་རེ་རེ་ཡི་རིན་གོང་ག་ཚོད་ཡིན་མིན་བཤད་རྒྱུར་སྤྲོ་བོ་ཡོད་པ་དང་། ཨོ་ཌོན་ཡོ་ནི་ཅ་དངོས་ག་རེ་བཙོང་བ་དེ་ཚོ་ཐིམ་སྒྲིལ་བྱས་ཏེ་ཚོང་བ་རྣམས་ལ་གྲ་སྒྲིག་བྱེད་པར་དགའ་བོ་ཡོད་འདུག

Siku nyingine watoto walikwenda sokoni pamoja na Nyar-Kanyada. Nyar-Kanyada alikuwa na kibanda cha kuuza mboga, sukari na sabuni. Apiyo alipenda kuwatajia wateja bei za bidhaa. Odongo aliwafungia wateja bidhaa walizonunua.


དགོང་དྲོའི་སྐབས་ལ། ཁོང་ཚོ་མཉམ་དུ་བསྡད་ནས་ཇ་འཐུང་བ་དང་། སྨོ་སྨོ་ལ་ཉིན་དེའི་ཡོང་སྒོའི་དངུལ་རྣམས་བརྩི་རོགས་བྱེད་ཀྱི་ཡོད་པ་རེད།

Mwisho wa siku walikunywa chai pamoja. Walimsaidia bibi yao kuhesabu pesa alizozipata.


གུང་སེང་གི་དུས་ཚོད་ནི་ཧ་ཅང་མགྱོགས་པོ་རྫོགས་པ་རེད། བྱིས་པ་གཉིས་རྒྱུན་རིང་པོ་མ་འགོར་བར་ཕྱིར་གྲོང་ཁྱེར་ནང་ལ་འགྲོ་རན་པ་རེད། སྨོ་སྨོ་ངཱོར་ ཁན་ཡ་ཌ་ ཡིས་ཨོ་ཌོན་གྷོ་ལ་ཞྭ་མོ་ཞིག་དང་། ཨ་པི་ཡོ་ལ་ཨུ་སུའི་སྟོད་ཐུང་ཞིག་སྤྲད་ལ། ད་དུང་ཁོ་གཉིས་ཀར་ལམ་བྲོ་གྲ་སྒྲིག་བྱས་པ་རེད།

Likizo ilikaribia kuisha na watoto walitakiwa kurudi mjini. Nyar-Kanyada alimpa Odongo kofia na Apiyo sweta. Aliwafungia chakula cha kula safarini.


ཁོང་གཉིས་ཀྱི་ཨ་ཕ་ལེན་དུ་ཡོང་སྐབས་ཁོང་གཉིས་ཕྱིར་འགྲོ་འདོད་མེད་ཅིང་། སྨོ་སྨོ་ལ་ཞུ་བ་བྱས་ཏེ། ཁོང་ཚོའི་མཉམ་དུ་གྲོང་ཁྱེར་ལ་འགྲོ་ཞེས་བཤད་པ་རེད། སྨོ་སྨོས་གདོང་ལ་འཛུམ་ཞིག་ལངས་ནས་བཤད་དོན། ང་རང་ལོ་ལོན་ཏེ་གྲོང་ཁྱེར་ལ་སོང་ནས་འདུག་ཐུབ་གི་མ་རེད། ངས་ཁྱོད་གཉིས་རྗེས་མ་སླར་ཡང་གྲོང་གསེབ་འདིར་ཡོང་བར་སྒུག་ནས་འདུག་ཅེས་བཤད་པ་རེད།

Baba yao alipokuja kuwachukua, hawakutaka kuondoka. Walimuomba Nyar-Kanyada aende nao mjini. Alitabasamu na kusema, “Nimezeeka, siyawezi ya mjini. Nitasubiri mje kijijini kwangu tena.”


ཨོ་ཌོན་གྷོ་དང་ཨ་པི་ཡོ་གཉིས་སྨོ་སྨོ་ལ་འཐམ་པ་དང་། ཁོང་ལ་བཀྲ་ཤིས་བདེ་ལེགས་ཞུས་རྗེས་གྲོང་ཁྱེར་ལ་ལོག་ཕྱིན་པ་རེད།

Odongo na Apiyo walimkumbatia kwa pamoja na kumuaga.


ཁོང་གཉིས་ཕྱིར་སློབ་གྲྭར་འབྱོར་རྗེས་གྲོགས་པོ་རྣམས་ལ་གྲོང་གསེབ་ཀྱི་འཚོ་བའི་སྐོར་བཤད་ཅིང་། བྱིས་པ་འགའ་རེས་གྲོང་ཁྱེར་ནང་གི་འཚོ་བ་སྐྱིད་པོ་ཡོད་པར་འདོད་པ་དང་། བྱིས་པ་འགའ་རེས་གྲོང་གསེབ་ཀྱི་འཚོ་བ་ཡག་ཤོས་ཡིན་པར་འདོད་པ་རེད།ཡིན་ནའང་ཚང་མའི་སེམས་ལ། ཨོ་ཌོན་གྷོ་དང་ཨ་པི་ཡོ་གཉིས་སྨོ་སྨོ་ཡོད་སར་སོང་ནས་གུང་གསེང་ཧ་ཅང་སྐྱིད་པོ་ཞིག་བཏང་བ་ཤེས་ཡོད་པ་རེད།

Odongo na Apiyo waliporudi shuleni, waliwasimulia marafiki zao kuhusu maisha ya kijijini. Baadhi ya watoto waliamini kuwa maisha ya mjini ni mazuri. Wengine waliamini kijijini ni bora zaidi. Lakini zaidi ya yote, kila mmoja alikubali kwamba Odongo na Apiyo walikuwa na bibi wa kipekee.


Written by: Violet Otieno
Illustrated by: Catherine Groenewald
Translated by: འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen
Read by: པད་མ་ཆོས་སྒྲོན། Pema Choedon
Language: Tibetan
Level: Level 4
Source: Holidays with grandmother from African Storybook
Creative Commons License
This work is licensed under a Creative Commons Attribution 4.0 International License.
Options
Back to stories list Download PDF