Descargar PDF
Regresar a lista de cuentos

བྱིས་པ་བོང་ཕྲུག El Niño Burro

Texto Lindiwe Matshikiza

Ilustraciones Meghan Judge

Translated by འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen

Lectura en voz alta པད་མ་ཆོས་སྒྲོན། Pema Choedon

Lengua tibetano

Nivel Nivel 3

Contar el cuento completo

Velocidad del audio

Reproducir automáticamente


ཐག་རིང་པོ་ན་གཟུགས་བརྙན་ཁྱད་མཚར་པོ་ཞིག་ཡོང་གི་ཡོད་ལ། དེ་དང་པོ་མཐོང་མཁན་ནི་བུ་མོ་ཆུང་ཆུང་ཞིག་རེད།

Una niña pequeña fue la primera en ver una figura misteriosa a lo lejos.


གཟུགས་བརྙན་དེ་ཐག་ཉེ་བོར་བསླེབས་པ་དང་། བུ་མོ་ཆུང་ཆུང་དེས་གཟུགས་བརྙན་དེ་ནི་ཁོག་ལ་ཕྲུ་གུ་ཁུར་བའི་བུད་མེད་ཅིག་ཡིན་པ་ཤེས་པ་རེད།

Mientras la figura se acercaba, la niña se dio cuenta que era una mujer embarazada a punto de dar a luz.


བུ་མོ་ཆུང་ཆུང་དེ་ཅུང་ཙམ་ངོ་གནོངས་པ་རེད། ཡིན་ནའང་། མོས་བློ་ཁོག་ཆེན་པོའི་ངང་ནས་བུད་མེད་དེའི་འཁྲིས་ལ་ཕྱིན་པ་རེད། སྐབས་དེར་མོའི་གྲོགས་པོ་ཚོས། “བུད་མེད་འདི་ང་ཚོའི་མཉམ་དུ་འཁྲིད་དགོས། ང་ཚོས་ཨ་མ་དང་ཕྲུ་གུ་གཉིས་ཀར་རོགས་པ་བྱེད་དགོས།” ཅེས་ཐག་བཅད་པ་རེད།

Tímida pero valientemente, la pequeña niña se acercó a la mujer. “Tenemos que cuidar de ella,” decidieron los familiares de la niña pequeña. “Ella y su bebé estarán a salvo con nosotros”.


ཡུན་རིང་པོ་མ་ཕྱིན་པར་ཨ་མའི་ཁོག་ནས་ཕྲུ་གུ་དེ་སྐྱེས་མགོ་བརྩམས་སྐབས་ཁོང་ཚོས། “ཤུགས་རྒྱོབས།” “ཉལ་ཆས་ཁྱེར་ཤོག” “ཆུ་གང་ན་ཡོད།” “ཤུགས་རྒྱོབས།” ཅེས་སྐད་བརྒྱབ།

Al poco tiempo, el bebé empezó a nacer. “¡Puja!” “¡Traigan mantas!” “¡Agua!” “¡¡¡Puuuuujjjjjaaa!!!”


ཕྲུ་གུ་དེ་སྐྱེས་མ་ཐག མི་ཚང་མ་ཧ་ལས་ནས། གནམ་ལ་མཆོང་བཞིན་ཕྱི་ནུར་བྱེད་ཞོར། “བོང་ཕྲུག་ཅིག་ཨེ་་་་ ” ཅེས་བཤད།

Pero cuando vieron al recién nacido, todos se llevaron una gran sorpresa. “¡¿Un burro?!”


མི་ཚང་མས་རྩོད་པ་བྱེད་རྒྱུ་མགོ་བཙུགས། སྐབས་དེར་མི་འགའ་གས་ཀྱིས་བཤད་རྒྱུར། “ང་ཚོས་བུད་མེད་དེ་དང་ཕྲུ་གུ་གཉིས་ཀར་རོགས་པ་བྱེད་དགོས་ཅེས་བཤད་པ་རེད། ད་ནི་ང་ཚོས་རོགས་པ་ག་རེ་བྱེད་དགོས་པ་འདི་རེད།” ཅེས་དང་། ཡང་མི་ཁ་ཤས་ཀྱིས། “ཡིན་ནའང་། ཁོང་གཉིས་ཀས་ང་ཚོར་བཀྲ་མ་ཤིས་པ་ཁྱེར་ཡོང་གི་རེད།” ཅེས་བཤད།

Todos empezaron a discutir. “Prometimos que cuidaríamos de la madre y su hijo, y eso es lo que haremos,” decían algunos. “¡Pero ellos nos van a traer mala suerte!” decían otros.


དེ་ནས་བུད་མེད་དེར་རོགས་པ་བྱེད་མཁན་མེད་པར་གཅིག་པོར་ལྷག་པ་དང་། མོས་རང་གི་ཕྲུ་གུ་ཁྱད་མཚར་པོ་འདི་ལ་ཅི་ཞིག་བྱེད་དགོས་ན་བསམ་པ་དང་། ད་ནི་ག་རེ་བྱེད་དགོས་པ་ཡང་མ་ཤེས་པ་རེད།

Y así fue como la madre volvió a quedar sola otra vez. Se preguntaba qué hacer con este extraño bebé. Se preguntaba qué hacer consigo misma.


མཐའ་མ་དེར། མོའི་སེམས་ལ་ཕྲུ་གུ་དེ་ཡག་པོ་ཡོད་ན་འདྲ། མེད་ན་འདྲ། མོ་རང་གི་ཕྲུ་གུ་ནི་རེད། མོ་རང་ཕྲུ་གུ་དེའི་ཨ་མ་ངོ་མ་ཡིན་པ་ངོས་ལེན་བྱས་པ་རེད།

Pero finalmente tuvo que aceptar que ese era su bebé y que ella era su madre.


ད་ནི་བོང་ཕྲུག་དེར་འགྱུར་བ་ཆེན་པོ་མ་སོང་བར། འདི་ལྟར་ཆུང་ཆུང་བྱས་བསྡད་པ་ཡིན་ན་གཅིག་བྱས་ན་སྐྱོན་ཡོད་ཀྱི་མ་རེད་དེ། ཡིན་ནའང་། བོང་ཕྲུག་དེ་ཆེ་ནས་ཆེ་སུ་སོང་སྟེ་མཐའ་མར་ཨ་མ་དེའི་རྒྱབ་ལ་འཁུར་ས་མི་འགྲོ་བར་ཆགས་པ་རེད། ཁོ་རང་གིས་ཐབས་ཤེས་ག་རེ་འཐེན་པ་ཡིན་ནའང་། ཁོ་རང་མི་དང་གཅིག་པ་གཅིག་རྐྱང་ཞིག་ཆགས་མ་ཐུབ། ཁོ་རང་གི་ཨ་མ་དེ་ནམ་རྒྱུན་ཐང་ཆད་ནས་སུན་པོ་ཡོང་གི་ཡོད་ལ། མཚམས་རེར་མོས་བོང་ཕྲུག་དེ་ལ་བོང་བུ་གཞན་པ་དེ་ཚོས་ལས་ཀ་ག་རེ་ལས་པ་དེ་ལས་བཅུག་པ་རེད།

Si el niño se hubiera quedado del mismo tamaño, todo habría sido diferente. Pero el niño burro creció y creció hasta que su madre no pudo cargarlo más en su espalda. Y no importaba cuánto lo intentase, el niño burro no lograba comportarse como un niño humano. Su madre se la pasaba cansada y frustrada. A veces ella le ordenaba hacer trabajo de animales.


བོང་ཕྲུག་དེས་ག་རེ་བྱེད་དགོས་མ་ཤེས། ཁོ་རང་ཁོང་ཁྲོ་ལངས་པ་རེད། ཁོས་འདི་བྱེད་མ་ཐུབ། དེའང་བྱེད་མ་ཐུབ། ཁོ་འདི་འདྲ་ཞིག་ཆགས་མ་ཐུབ། གཞན་པ་དེ་འདྲ་ཞིག་ཀྱང་ཆགས་མ་ཐུབ། ཁོ་རང་རྦད་དེ་ཁོང་ཁྲོ་ལངས་ཏེ། ཉི་མ་གཅིག་ལ་ཁོས་སོ་སོའི་ཨ་མ་ལ་རྡོག་རྒྱག་གཞུས་ནས་སར་རྫོག་པ་རེད།

Burro sentía cada vez más confusión y rabia. Que no podía hacer esto, que no podía hacer aquello. Que él no podía ser esto ni aquello. Un día se puso tan furioso que botó a su madre al suelo de una patada.


ཨ་མར་རྡོག་རྒྱག་གཞུས་རྗེས། བོང་ཕྲུག་ངོ་ཚ་ནས་ཁོ་རང་ཐོན་སའི་ས་ཆ་ཐག་རིང་ཞིག་ལ་བྲོས་སོང་བ་རེད།

Burro se sintió lleno de vergüenza. Corrió tan rápido y lejos como pudo.


ཁོ་རང་བྲོས་བྲོས་ནས་ངལ་གསོ་བྱེད་སྐབས། དགོང་མོ་ནག་ཁུང་ཆགས་བསྡད་ཡོད་ལ། བོང་ཕྲུག་དེས་ད་ནི་གང་ལ་འགྲོ་དགོས་པ་མ་ཤེས་པ་རེད། “བོང་་་་་བོང་་་་་” ཁོ་རང་གིས་མུན་ནག་ནང་ལ་སྐད་ཆེན་པོ་མ་བརྒྱབ་པར་མིག་ཆུ་བཏོན་པ་རེད། “བོང་བོང་་་་” ནག་ཁུང་ནང་ནས་ཁོ་རང་གི་སྐད་ཕྱིར་ཐོས་ཡོང་བ་རེད། ད་ནི་ཁོ་རང་གཅིག་པོ་ལྷག་པ་རེད། ཁོ་རང་རིལ་རིལ་འདྲ་ཞིག་བྱས་ནས་གཉིད་ཁུག གཉིད་ཁུག་སྡོད་སྐབས་རྨི་ལམ་ཞེད་སྣང་ཚ་བོ་རྨིས་པ་རེད།

Cuando dejó de correr, ya era de noche y Burro estaba perdido. “¿Hiaaa?” susurró en la oscuridad. “¿Hiaaa?” le respondió su eco. Estaba solo. Se acurrucó y cayó rendido en un sueño profundo e intranquilo.


བོང་ཕྲུག་དེ་གཉིད་སད་དུས་མི་ཆ་མེད་ཅིག་ཁོ་རང་གི་འགྲམ་ན་ལངས་ཏེ། ཁོ་ལ་བལྟས་བསྡད་ཡོད་ལ། ཁོ་རང་གིས་ཕྱིར་རྒན་པོ་དེའི་མིག་གི་ནང་ལ་ལྟ་སྐབས་བློ་བདེ་བོ་དང་ཏོག་ཙམ་སྐྱིད་པོ་འདྲ་ཞིག་ཚོར་པ་རེད།

Cuando Burro despertó, había un extraño anciano mirándolo. Burro le miró a los ojos y comenzó a sentir una chispa de esperanza.


བོང་ཕྲུག་དེ་རྒན་པོ་དེའི་མཉམ་དུ་བསྡད་ཅིང་། རྒན་པོ་དེས་ཁོ་རང་ལ་མི་ཚེ་སྐྱེལ་སྟངས་ཀྱི་ཐབས་ཤེས་འདྲ་མི་འདྲ་བསླབས་ལ། བོང་ཕྲུག་གིས་ཁར་ཉན་པོ་བྱས་ནས་སློབ་སྦྱོང་བྱས་པ་རེད། རྒན་པོ་དེས་ཀྱང་བོང་ཕྲུག་གི་འགྲམ་ནས་ག་རེ་ཡིན་ནའང་སྦྱངས་པ་རེད། ཁོ་རང་གཉིས་ཀྱིས་ཕན་ཚུན་ལ་རོགས་པ་ཡག་པོ་བྱས་ཤིང་མཉམ་དུ་གད་མོ་བགད་པ་རེད།

Burro se fue a vivir con el anciano, quien le enseñó muchas formas diferentes de sobrevivir. Burro escuchaba y aprendía, y lo mismo hacía el anciano. Se ayudaban y reían juntos.


ཞོགས་པ་ཞིག་ལ་རྒན་པོ་དེས་བོང་ཕྲུག་ལ། ཁོ་རང་རི་བོ་མཐོན་པོ་ཞིག་ཡོད་པ་དེའི་རྩེ་བར་དུ་འཁུར་རོགས་ཞེས་ལབ་པ་རེད།

Una mañana, el anciano le pidió a Burro que lo llevara hasta la cima de una montaña.


རི་བོ་མཐོན་པོ་དེའི་རྩེ་མོ་དགུང་ལ་ཟུག་བསྡད་ཡོད་ལ། ཁོ་རང་གཉིས་ཡར་རི་རྩེར་བསླེབས་རྗེས་སྤྲིན་པའི་ནང་ནས་གཉིད་ལ་ཤོར་བ་རེད། བོང་ཕྲུག་གི་རྨི་ལམ་ནང་ལ་ཁོའི་ཨ་མ་ན་ནས་ཁོ་རང་སྐད་གཏོང་གི་ཡོད་པ་གོ་བ་དང་། ཁོ་གཉིད་སད་དུས་་་་་

Se quedaron dormidos más arriba de las nubes. Burro soñó que su madre estaba enferma y que lo llamaba. Y cuando despertó…


སྤྲིན་པ་དེ་དང་ཁོའི་གྲོགས་པོ་རྒན་པོ་གཉིས་ཀ་གར་སོང་ཆ་མེད་དུ་གྱུར་བ་རེད།

…las nubes habían desaparecido junto con su amigo, el anciano.


མཐའ་མ་དེར་བོང་ཕྲུག་གིས་ཁོ་རང་གིས་ག་རེ་བྱེད་དགོས་པ་ཤེས་པ་རེད།

Burro finalmente se dio cuenta de lo que tenía que hacer.


བོང་ཕྲུག་གིས་ཁོ་རང་གི་ཨ་མ་བཙལ་སྐབས། ཨ་མ་གཅིག་པོ་ཁེར་རྐྱང་ལ་སྡོད་ཅིང་། མོ་རང་གི་ཕྲུ་གུ་བརླག་སོང་བ་དེར་སེམས་སྡུག་བྱས་ནས་བསྡད་ཡོད་པ་མཐོང་། བོང་ཕྲུག་དང་ཁོ་རང་གི་ཨ་མ་གཉིས་ཀས་ཕན་ཚུན་ལ་བལྟས་ནས་ཡུན་རིང་པོར་བསྡད་པ་དང་། དེ་ནས་ཁོང་གཉིས་འཐམ་པ་རེད།

Burro encontró a su madre, sola y llorando por su hijo perdido. Se quedaron mirándose a los ojos por largo tiempo. Luego se abrazaron muy apretadamente.


དེ་ནས་བཟུང་བོང་ཕྲུག་ཆུང་ཆུང་དེ་ཁོ་རང་གི་ཨ་མའི་མཉམ་དུ་ཆེན་པོ་ཆགས་ཤིང་། ཁོང་གཉིས་ཀས་ཕན་ཚུན་ལ་རྒྱུས་ལོན་ལེགས་པོ་བྱེད་བཞིན་འཚོ་བ་སྐྱིད་པོ་ཞིག་རོལ་བ་རེད། ག་ལེར་བྱས་ནས་ཁོ་གཉིས་ཀའི་མཐའ་འཁོར་དེ་ལ་ཁྱིམ་ཚང་གཞན་པ་མང་པོ་གཞིས་ཆགས་ཏེ། སྐད་ཆ་བཤད་རོགས་དང་རྩེད་མོ་རྩེས་རོགས་ཡང་མང་པོ་ཡོད་ནས་འཚོ་བ་སྐྱིད་པོ་ཆགས་པ་རེད།

El hijo burro y su madre ya llevan tiempo creciendo juntos y han aprendido a convivir. Lentamente, otras familias se han instalado a vivir cerca de ellos.


Texto: Lindiwe Matshikiza
Ilustraciones: Meghan Judge
Translated by: འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen
Lectura en voz alta: པད་མ་ཆོས་སྒྲོན། Pema Choedon
Lengua: tibetano
Nivel: Nivel 3
Fuente: Donkey Child del African Storybook
Licencia Creative Commons
Esta obra está bajo una Creative Commons Atribución 4.0 Internacional.
Opciones
Regresar a lista de cuentos Descargar PDF