Descargar PDF
Regresar a lista de cuentos

ནོ་རྫི་བྷེ་ལེ་དང་སྐྲ་ཉག་མ་གསུམ། Nozibele y sus tres cabellos

Texto Tessa Welch

Ilustraciones Wiehan de Jager

Translated by འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen

Lectura en voz alta པད་མ་ཆོས་སྒྲོན། Pema Choedon

Lengua tibetano

Nivel Nivel 3

Contar el cuento completo

Velocidad del audio

Reproducir automáticamente


གནའ་སྔ་མོ་བུ་མོ་གྲོགས་མོ་གསུམ་མེ་ཤིང་འཐུ་རུ་ཕྱིན་པ་རེད།

Hace mucho tiempo, tres chicas salieron a buscar leña.


ཉིན་དེར་ཚ་བ་ཆེན་པོ་ཡོད་སྟབས་ཁོང་ཚོ་གཤམ་གྱི་གཙང་བོའི་ནང་དུ་ཆུ་རྐྱལ་དུ་ཕྱིན་པ་རེད། ཁོང་ཚོ་རྩེད་མོ་རྩེས་བཞིན་དང་། ཆུ་གཏོར་བཞིན། ཆུ་རྐྱལ་ནས་བསྡད་པ་རེད།

Hacía mucho calor, así que fueron a nadar al río. Jugaron, chapotearon, y nadaron en el agua.


མཐའ་མ་དེར་ཁོང་ཚོས་འཕྱི་བོ་ཆགས་ཚར་པ་གཞི་ནས་ཤེས་པ་དང་། བྲེལ་འཚུབ་ངང་ཕྱིར་གྲོང་གསེབ་ལ་ལོག་ཕྱིན་པ་རེད།

De repente, se dieron cuenta que era tarde. Corrieron hacia la villa.


ཁོང་ཚོ་ཁྱིམ་གྱི་ཉེ་འགྲམ་དུ་བསླེབས་སྐབས་བུ་མོ་ནོ་རྫི་བྷེ་ལེ་ཡིས་རང་གི་སྐེ་ལ་ལག་པ་འཆང་ཙམ་བྱས་པ་དང་། མོ་རང་གི་མགུལ་རྒྱན་ཆུ་རྐྱལ་ས་ནས་ལྷག་པ་ཤེས་པ་རེད། “སྐུ་མཁྱེན། ངའི་རོགས་པར་འགྲོ་རོགས།” མོས་རང་གི་གྲོགས་མོ་གཉིས་ལ་དེ་ལྟར་ཞུ་བ་འཐེན་པ་རེད། ཡིན་ནའང་། གྲོགས་མོ་གཉིས་ཀྱིས་ད་ནི་འཕྱི་དྲག་པ་རེད་ཅེས་བཤད་དེ་མ་ཕྱིན་པ་རེད།

Cuando estaban cerca de casa, Nozibele se tocó el cuello y se dio cuenta que había olvidado su collar. “¡Por favor, acompáñenme a buscarlo!” ella les rogó a sus amigas. Pero sus amigas le dijeron que ya era muy tarde.


བུ་མོ་ནོ་རྫི་བྷེ་ལེ་མོ་རང་གཅིག་པོ་ཕྱིར་གཙང་བོའི་ཁར་ཕྱིན་ཏེ། མགུལ་རྒྱན་བརྙེད་ནས་ཕྱིར་མགྱོགས་པོར་ཡོང་བ་རེད། ཡིན་ནའང་སྐབས་དེར་ནག་ཁུང་ནང་ནས་མོས་ལམ་ཁ་བརླག་པ་རེད།

Así que Nozibele regresó sola al río. Encontró su collar y se apresuró para regresar a casa. Pero se perdió en la oscuridad.


མོས་ཐག་རིང་གི་ཁང་ཆུང་ཞིག་གི་ནང་ནས་གློག་སྒྲོན་གྱི་འོད་ཅིག་མཐོང་བ་དང་། མགྱོགས་པོར་ཁང་ཆུང་དེའི་ཕྱོགས་སུ་ཕྱིན་ཏེ་སྒོ་བརྡུང་བ་རེད།

A la distancia veía una luz que venía de una choza. Corrió hacia ella y tocó a la puerta.


བསམ་ཡུལ་ལས་འདས་པ་ཞིག་ལ། ཁྱི་ཞིག་གིས་སྒོ་ཕྱེ་སྟེ། “ཁྱོད་ལ་ག་རེ་དགོས་”ཞེས་དྲིས་པ་རེད། བུ་མོས་ནོ་རྫི་བྷེ་ལེ་ཡིས། “ངས་ཡུལ་ལ་འགྲོ་སའི་ལམ་ཁ་བརླག་སོང་། ང་ཉལ་ས་ཞིག་དགོས་ཀྱི་འདུག་ཅེས་བཤད་པ་རེད།” ཁྱི་དེས་ཕྱིར། “ནང་ལ་ཤོག དེ་མིན་ཚེ་ངས་སོ་རྒྱག་གི་ཡིན་”ཅེས་བཤད་པ་རེད། དེ་ལྟར་བུ་མོ་ནོ་རྫི་བྷེ་ལེ་ཁང་ཆུང་དེའི་ནང་དུ་འཛུལ་བ་རེད།

Para su sorpresa, un perro abrió la puerta y le preguntó, “¿Qué quieres?” “Estoy perdida y necesito un lugar para dormir,” respondió Nozibele. “¡Pasa si no te morderé!” dijo el perro. Así que Nozibele pasó.


དེ་ནས་ཁྱི་དེས། “ང་ལ་ཁ་ལག་བཟོ་རོགས།” ཞེས་བཤད་པ་རེད། བུ་མོ་ནོ་རྫི་བྷེ་ལེ་ཡིས། “ངས་ཁྱི་ཞིག་ལ་ཁ་ལག་བཟོ་མྱོང་མེད།” ཅེས་བཤད། “ཁ་ལག་བཟོས། དེ་མིན་ཚེ་ངས་སོ་རྒྱག་གི་ཡིན།” ཅེས་ཁྱི་དེས་བཤད་པ་རེད། དེ་ལྟར་བུ་མོ་ནོ་རྫི་བྷེ་ལེ་ཡིས་ཁྱི་དེ་ལ་ཁ་ལག་བཟོས་པ་རེད།

Luego el perro dijo, “¡Cocina para mí!” “Pero nunca he cocinado para un perro antes,” ella le contestó. “¡Cocina, o te muerdo!” dijo el perro. Así que Nozibele cocinó un poco de comida para el perro.


དེ་རྗེས་ཁྱི་དེ་ཡིས། “ང་ལ་ཉལ་ས་བཟོ་རོགས།” ཞེས་བཤད་པ་རེད། བུ་མོ་ནོ་རྫི་བྷེ་ལེ་ཡིས། “ངས་ཁྱི་ཞིག་ལ་ཉལ་ས་བཟོ་མྱོང་མེད།” ཅེས་བཤད་པ་རེད། ཁྱི་དེས། “ཉལ་ས་བཟོས། དེ་མ་གཏོགས་ངས་སོ་རྒྱག་གི་ཡིན།” ཅེས་བཤད་པ་རེད། དེ་ལྟར་བུ་མོ་ནོ་རྫི་བྷེ་ལེ་ཡིས་ཁྱི་དེ་ལ་ཉལ་ས་བཟོས་པ་རེད།

Luego el perro dijo, “¡Haz la cama para mí!” Nozibele respondió, “Nunca he hecho la cama de un perro.” “¡Hazla, o te muerdo!” dijo el perro. Así que Nozibele hizo la cama.


དེ་ནས་བཟུང་བུ་མོ་ནོ་རྫི་བྷེ་ལེ་ཡིས་ཉིན་རྟག་པར་ཁྱི་དེ་ལ་ཁ་ལག་བཟོས། ཁྱིམ་ལ་གད་བརྡར་བྱས། དུག་ལོག་བཀྲུ་བ་སོགས་བྱས་པ་རེད། ཉི་མ་གཅིག་ལ་ཁྱི་དེས། “ནོ་རྫི་བྷེ་ལེ། དེ་རིང་ང་གྲོགས་པོ་འགའ་ལ་ཐུག་འཕྲད་དུ་འགྲོ་དགོས་ཀྱི་ཡོད། ང་ཕྱིར་མ་སླེབས་སྔོན་དུ་ཁྱིམ་ལ་གད་བརྡར་བྱས། ཁ་ལག་བཟོས། ངའི་ཅ་ལག་ཚང་མ་བཀྲུས་ནས་ཞོག” ཅེས་བཤད་པ་རེད།

Ella tenía que cocinar, barrer y lavar todos los días para el perro. Hasta que un día el perro le dijo, “Nozibele, hoy tengo que ir a ver a unos amigos. Barre la casa, prepara comida y lava mis cosas antes de que regrese.”


ཁྱི་དེ་ཕྱི་ལ་ཕྱིན་མ་ཐག་བུ་མོ་ནོ་རྫི་བྷེ་ལེ་ཡིས་རང་གི་སྐྲ་ཉག་མ་གསུམ་བཏོགས་ཏེ། སྐྲ་རྐང་གཅིག་ཉལ་ཁྲིའི་འོག་དང་། སྐྲ་རྐང་གཅིག་སྒོ་ཡི་རྒྱབ། སྐྲ་རྐང་གཅིག་ར་སྐོར་ནང་དུ་བཞག་རྗེས་མགྱོགས་པོར་ཕྱིར་རང་གི་ཁྱིམ་དུ་བྲོས་ཕྱིན་པ་རེད།

Tan pronto como el perro se fue, Nozibele se sacó tres cabellos de su cabeza y puso un cabello debajo de la cama, otro detrás de la puerta y uno en el corral. Después corrió a casa tan rápido como pudo.


ཁྱི་དེ་ཕྱིར་ནང་ལ་འབྱོར་མ་ཐག་ནོ་རྫི་བྷེ་ལེ་བཙལ་བ་རེད། “ནོ་རྫི་བྷེ་ལེ། ཁྱོད་གང་ན་ཡོད།” ཁྱི་དེས་སྐད་བརྒྱབ་ནས་བོས་པ་རེད། “ང་འདི་ན་ཡོད། ཉལ་ཁྲིའི་འོག་ན།” ཅེས་སྐྲ་རྐང་དང་པོས་བཤད་པ་རེད། “ང་འདི་ན་ཡོད། སྒོ་ཡི་རྒྱབ་ན།” ཅེས་སྐྲ་རྐང་གཉིས་པས་སྐད་བརྒྱབ་པ་རེད། “ང་འདི་ན་ཡོད། ར་སྐོར་ནང་ན།” ཅེས་སྐྲ་རྐང་གསུམ་པས་བཤད་པ་རེད།

Cuando el perro regresó a casa, comenzó a buscar a Nozibele. “¡Nozibele, ¿dónde estás?!” el gritaba. “Aquí estoy, debajo de la cama,” dijo el primer cabello. “Estoy aquí, detrás de la puerta,” dijo el segundo cabello. “Estoy aquí, en el corral,” dijo el tercero.


དེ་ནས་ཁྱི་དེས་བུ་མོ་ནོ་རྫི་བྷེ་ལེ་ཡིས་ཁོ་ལ་མགོ་སྐོར་བཏང་བ་ཤེས་ཏེ། གང་མགྱོགས་ཅི་མགྱོགས་ཀྱིས་རྒྱུག་པ་རེད། བུ་མོའི་གྲོང་གསེབ་བར་དུ་མཚམས་མ་བཞག་པར་རྒྱུག་པ་རེད། ཁོ་རང་གྲོང་གསེབ་དེར་འབྱོར་དུས་བུ་མོ་ནོ་རྫི་བྷེ་ལེ་ཡི་སྤུན་མཆེད་རྣམས་ཀྱིས་རྒྱུག་པ་རིང་པོ་རེ་བཟུང་སྟེ་སྒུག་བསྡད་ཡོད་པ་རེད། ཁྱི་དེས་བུ་མོའི་སྤུན་མཆེད་དེ་དག་མཐོང་མ་ཐག་ཁ་ཕྱིར་འཁོར་ཏེ་བྲོས་ཕྱིན་པ་རེད། དུས་དེ་ནས་བཟུང་ཁོ་ཕྱིར་གྲོང་གསེབ་དེར་ཡོང་མ་ཐུབ་པ་རེད།

Entonces el perro se dio cuenta que Nozibele lo había engañado. El perro corrió, corrió y corrió hacia la villa. Pero los hermanos de Nozibele estaban esperándolo con palos grandes. El perro se fue corriendo y nunca nadie lo ha visto aparecerse de nuevo.


Texto: Tessa Welch
Ilustraciones: Wiehan de Jager
Translated by: འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen
Lectura en voz alta: པད་མ་ཆོས་སྒྲོན། Pema Choedon
Lengua: tibetano
Nivel: Nivel 3
Fuente: Nozibele and the three hairs del African Storybook
Licencia Creative Commons
Esta obra está bajo una Creative Commons Atribución 3.0 Internacional.
Opciones
Regresar a lista de cuentos Descargar PDF