Téléchargement PDF
Retour à la liste des contes

ས་བོན་ཆུང་ཆུང་།: ཝང་གྷ་རི་མཱ་ཐཱིའི་སྒྲུང། Une petite graine : l'histoire de Wangari Maathai

Écrit par Nicola Rijsdijk

Illustré par Maya Marshak

Traduit par འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen

Lu par པད་མ་ཆོས་སྒྲོན། Pema Choedon

Langue tibétain

Niveau Niveau 3

Lire l’histoire en entier

Vitesse de lecture

Lecture automatique du conte


གནའ་སྔ་མོར། ཤར་ཨ་ཧྥི་རི་ཁའི་རི་བོ་ཁེ་ནི་ཡ་ཞེས་པའི་འདབ་ཀྱི་གྲོང་ཚོ་ཞིག་ན། བུ་མོ་ཆུང་ཆུང་ཞིག་གིས་མོ་རང་གི་ཨ་མའི་མཉམ་དུ་ཞིང་ཁ་ན་ལས་ཀ་ལས་གི་ཡོད་པ་རེད། བུ་མོ་དེའི་མིང་ལ་ཝང་གྷ་རི་ཟེར་གི་རེད།

Dans un village situé sur les flancs du Mont Kenya en Afrique de l’Est, une petite fille travaillait dans les champs avec sa mère. Son nom était Wangari.


ཝང་གྷ་རི་ནམ་རྒྱུན་ཕྱི་ལོག་ལ་འགྲོ་རྒྱུར་དགའ་བོ་ཡོད་པ་དང་། ཁོང་ཚང་གི་ལྡུམ་རྭའི་ནང་གི་ལུད་དེ་དག་གྲི་ཆུང་ཆུང་ཞིག་གིས་གཏུབས་ནས་ཞིབ་ཞིབ་བཟོས་པ་དང་། མེ་ཏོག་གི་ས་བོན་ཆུང་ཆུང་དེ་ཚོ་ལུད་དྲོན་པོ་དེ་ཚོའི་ནང་དུ་གཏོར་བ་རེད།

Wangari aimait beaucoup être dehors. Dans le potager de sa famille, elle faisait des trous dans le sol avec sa machette. Elle enfouissait des petites graines dans la terre chaude.


མོ་རང་དགའ་སའི་དུས་ཚོད་ནི་དགོང་དྲོ་ཉི་མ་ནུབ་མ་ཐག་པའི་སྐབས་དེ་རེད། ས་རུབ་སྟེ་མེ་ཏོག་དང་རྩི་ཤིང་སོགས་མཐོང་ཁག་པའི་སྐབས་སུ། བུ་མོ་ཝང་གྷ་རི་ཡིས་མོ་རང་ཕྱིར་ནང་ལ་ལོག་རན་པ་ཤེས་གི་ཡོད་ལ། མོས་ཞིང་ཚིགས་ཀྱི་ལམ་ཁ་ཆུང་ཆུང་དེ་ཚོ་བརྒྱུད་པ་དང་། ཆུ་རྐ་ཆུང་ཆུང་དེ་དག་ལ་བརྒལ་དགོས་ས་ཡོད་ན་བརྒལ་ནས་ཡུལ་ལ་ལོག་ཡོང་གི་རེད་པ་རེད།

Son moment préféré de la journée était juste après le coucher du soleil. Quand il faisait trop nuit pour voir les plantes, Wangari savait qu’il était l’heure de rentrer à la maison. Pour rentrer, elle devait suivre des sentiers étroits à travers champs et traverser des rivières.


བུ་མོ་ཝང་གྷ་རི་རིག་པ་ཧ་ཅང་གི་ཡག་པོ་ཡོད་ལ། མོ་རང་སློབ་གྲྭར་འགྲོ་རྒྱུར་རེ་བ་བརྒྱབ་ནས་བསྡད་ཡོད་པ་རེད། ཡིན་ནའང་མོའི་ཕ་མ་གཉིས་ཀྱིས་མོ་རང་ནང་ནས་བསྡད་དེ། ཁོང་གཉིས་ལ་རོགས་པ་བྱེད་དགོས་པ་རེད་ཅེས་གསུང་གིན་ཡོད་པ་རེད། མོ་རང་ལོ་བདུན་ལ་སོན་སྐབས། མོའི་ཕུ་བོས་ཕ་མ་གཉིས་ལ་ཝང་གྷ་རི་སློབ་གྲྭར་འགྲོ་རུ་འཇུག་རོགས་ཞེས་ཞུ་བ་འཐེན་པ་རེད།

Wangari était une enfant intelligente et avait hâte d’aller à l’école. Mais sa mère et son père voulaient qu’elle reste à la maison pour les aider. Quand elle eut sept ans, son grand frère persuada ses parents de la laisser aller à l’école.


མོ་རང་ནམ་རྒྱུན་སློབ་སྦྱོང་ལ་དགའ་བོ་ཡོད་ལ། དེབ་ག་རེ་བཀླགས་པ་ཡིན་ནའང་དེའི་ནང་ནས་དོན་དག་མང་པོ་ཤེས་ཀྱིན་ཡོད་པ་རེད། མོ་རང་སློབ་གྲྭ་ནས་སློབ་མ་རྩེ་ཕུལ་དུ་གྱུར་ནས། ཨ་མེ་རི་ཁའི་སློབ་གྲྭ་ཆེན་མོ་ཞིག་ལ་སློབ་སྦྱོང་ལ་ཡོང་བར་སྐད་བཏང་བ་རེད། ཝང་གྷ་རི་བྲེལ་བ་ལངས་པ་དང་། མོས་འཛམ་བུའི་གླིང་གི་སྐོར་སྔར་ལས་ཀྱང་མང་བ་ཤེས་འདོད་བྱུང་བ་རེད།

Elle aimait apprendre ! Wangari apprenait de plus en plus avec chaque livre qu’elle lisait. Elle travaillait si bien à l’école qu’elle fut invitée à étudier aux Etats Unis d’Amérique. Wangari était enthousiaste ! Elle voulait en savoir plus sur le monde.


ཨ་མེ་རི་ཁའི་སློབ་གྲྭ་ཆེན་མོ་ནས་མོ་རང་གིས་ཤེས་བྱ་གསར་པ་མང་པོ་སྦྱངས་པ་རེད། ཁོ་མོས་རྩི་ཤིང་གི་རིགས་དང་། དེ་དག་གང་འདྲ་བྱས་ནས་འདེབ་དགོས་མིན་སྦྱངས་པ་རེད། མོས་རང་ཉིད་ཇི་ལྟར་བྱས་ནས་ཆེན་པོ་ཆགས་པའང་སེམས་ལ་དྲན་ཡོད་ལ། ཕུ་བོ་དང་མཉམ་དུ་ཁེ་ནི་ཡའི་ནགས་ཚལ་ཡིད་དུ་འོངས་པ་དེ་དག་ནས་རྩེད་མོ་རྩེས་པ་སོགས་དྲན་གི་ཡོད་པ་རེད།

A l’université américaine, Wangari apprit beaucoup de choses nouvelles. Elle étudia les plantes et la manière dont elles grandissent. Et elle se rappela comment elle avait grandi : en jouant avec ses frères à l’ombre des arbres dans les magnifiques forêts du Kenya.


མོ་རང་གིས་སློབ་སྦྱོང་ཅི་ཙམ་མང་པོ་བྱས་ན། དེ་ཙམ་གྱིས་རང་གི་ཕ་ཡུལ་ཁེ་ནི་ཡའི་མི་རྣམས་ལ་བརྩེ་བ་ཇེ་ཟབ་ལ་འགྲོ་བཞིན་པ་ཤེས་ཀྱིན་ཡོད་ལ། ག་ཚོད་མང་པོ་སྦྱངས་ན་དེ་ཚོད་ཀྱིས་ཤར་ཨ་ཧྥི་རི་ཁའི་ས་ཆ་ལྷག་པར་དུ་ཡིད་ལ་འཁོར་གྱི་ཡོད་པ་རེད།

Plus elle apprenait, plus elle réalisait qu’elle aimait les habitants du Kenya. Elle voulait qu’ils soient heureux et libres. Plus elle apprenait, plus elle se rappelait son foyer africain.


མོས་སློབ་གྲྭ་ནས་སློབ་སྦྱོང་བྱས་ཚར་པ་དང་ཕ་ཡུལ་ཁེ་ནི་ཡ་ལ་ལོག་ཡོང་བ་རེད། ཡིན་ནའང་ཕྱིར་འབྱོར་དུས་མོའི་ཕ་ཡུལ་ཁེ་ནི་ཡ་འགྱུར་བསྡད་ཡོད་པ་རེད། སྔར་གྱི་ས་ཆ་ཚང་མ་རྨོ་འདེབས་ཀྱི་ས་ཆར་བསྒྱུར་ནས་ཞིང་ཁ་ཆེན་པོ་དག་གིས་ཁེངས་བསྡད་ཡོད་ལ། བུད་མེད་རྣམས་ལ་མེ་ཤིང་འཐུ་རུ་འགྲོ་སའི་ནགས་ཚལ་ཡང་ཡོད་པ་མ་རེད། མི་ཚང་མ་སྤྲང་པོ་ཆགས་པ་དང་བྱིས་པ་མང་པོས་ལྟོགས་སྐོམ་མྱོང་གི་ཡོད་པ་རེད།

Quand elle eut terminé ses études, elle retourna au Kenya. Mais son pays avait changé. De larges fermes s’étendaient à travers la campagne. Les femmes n’avaient plus de bois pour cuire les aliments. Les gens étaient pauvres et les enfants avaient toujours faim.


ད་ནི་ཝང་གྷ་རི་ཡིས་མོ་རང་གི་ལས་འགན་ཅི་ཡིན་པ་དང་།་མོས་ཅི་ཞིག་བྱེད་དགོས་པ་ཤེས་པ་རེད། མོས་བུད་མེད་རྣམས་ལ་ས་བོན་བཏབ་ནས་ནགས་འདེབས་སྟངས་བསླབས་ཤིང་། བུད་མེད་ཚང་མས་མེ་ཤིང་བཙོང་ནས་སོ་སོའི་ནང་མི་གསོ་ཐུབ་པ་བྱུང་བ་དང་། ཚང་མ་དགའ་སྤྲོ་སྐྱེས་པ་རེད། འདི་ལྟར། བང་ག་རི་ཡིས་བུད་མེད་རྣམས་ལ་བློ་སྟོབས་དང་ནུས་པ་ཆེན་པོ་ཡོད་པ་ཤེས་བཅུག་པ་རེད།

Wangari savait ce qu’il fallait faire. Elle apprit aux femmes comment planter des arbres en utilisant des graines. Les femmes vendirent les arbres et utilisèrent l’argent pour faire vivre leurs familles. Les femmes étaient très heureuses. Wangari les avait aidées à se sentir puissantes et fortes.


དུས་ཚོད་རིམ་པས་ཕྱིན་པ་དང་། ཤིང་སྡོང་གསར་པ་དེ་དག་སྐྱེས་ནས་ནགས་ཚལ་ཆགས་པ་དང་། གཙང་བོ་རྣམས་ཀྱང་སླར་ཡང་བཞུར་མགོ་བཙུགས་པ་རེད། ཝང་གྷ་རི་ཡི་སློབ་གསོ་དེ་ཨ་ཧྥི་རི་ཁའི་ས་ཆ་གང་སར་ཁྱབ་ཅིང་། དེང་སང་ཨ་ཧྥི་རི་ཀའི་ལུང་པར། ཝང་གྷ་རི་ཡི་ས་བོན་ལས་ཤིང་ནགས་ས་ཡ་མང་པོ་སྐྱེས་ཡོད་པ་རེད།

Avec le temps, les nouveaux arbres se transformèrent en forêts, et les rivières recommencèrent à couler. Le message de Wangari traversa toute l’Afrique. Aujourd’hui des millions d’arbres ont grandi grâce aux graines de Wangari.


ཝང་གྷ་རི་ཡིས་འབད་བརྩོན་ཆེན་པོ་བྱས་པ་དང་། འཛམ་བུའི་གླིང་གི་མི་ཚང་མས་དོ་སྣང་བྱུང་བས་མི་ཚད། མོ་ལ་མིང་གྲགས་ཆེ་བའི་གཟེངས་རྟགས་ཤིག་ཕུལ་གནང་བ་རེད། མོ་ནི་ཨ་ཧྥི་རི་ཀའི་ལུང་པའི་བུད་མེད་ཀྱི་ནང་ནས་དགའ་རྟགས་དེ་ཐོབ་མཁན་ཨང་དང་པོ་ཆགས་པ་རེད།

Wangari avait travaillé dur. Partout dans le monde, les gens s’en aperçurent et lui donnèrent un prix renommé. Il s’appelle le Prix Nobel de la Paix et elle fut la première femme africaine à le recevoir.


༢༠༡༡ ལོར་ཝང་གྷ་རི་གྲོངས་པ་རེད། ཡིན་ནའང་། ང་ཚོས་ནམ་རྒྱུན་ཤིང་སྡོང་སྙིང་རྗེ་མོ་རེ་མཐོང་དུས་མོ་རང་ཡིད་ལ་དྲན་ཐུབ་གི་ཡོད་རེད།

Wangari mourut en 2011 mais nous pensons à elle à chaque fois que nous voyons un bel arbre.


Écrit par: Nicola Rijsdijk
Illustré par: Maya Marshak
Traduit par: འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen
Lu par: པད་མ་ཆོས་སྒྲོན། Pema Choedon
Langue: tibétain
Niveau: Niveau 3
Source: A Tiny Seed: The Story of Wangari Maathai du Livre de contes africains
Licence de Creative Commons
Ce travail est autorisé sous une licence Creative Commons Attribution 4.0 non transposé.
Options
Retour à la liste des contes Téléchargement PDF