Téléchargement PDF
Retour à la liste des contes

བྱ་ཧ་ནེ་གྷའེ་ཌི་ཡི་འཁོན་ལན། La revanche de l'indicateur

Écrit par Zulu folktale

Illustré par Wiehan de Jager

Traduit par འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen

Lu par པད་མ་ཆོས་སྒྲོན། Pema Choedon

Langue tibétain

Niveau Niveau 4

Lire l’histoire en entier

Vitesse de lecture

Lecture automatique du conte


སྒྲུང་འདི་ནི་མིང་ལ་ངེ་ཌི་ཟེར་བའི་བྱ་ཧ་ནེ་གྷེ་ཌི་དང་། མིང་ལ་རྗིན་གྷིལ་ཟེར་བའི་གཞོན་ནུ་ཧམ་པ་ཅན་ཞིག་གི་སྐོར་ཡིན། ཉིན་ཞིག་རྗིན་གྷིལ་ཕྱི་རོལ་ལ་རྔོན་རྒྱག་གི་ཕྱིན་སྐབས་ཁོས་བྱ་ངེ་ཌི་ཡི་སྐད་གོ་བ་རེད། དེ་མ་ཐག་རྗིན་གྷིལ་གྱིས་སྦྲང་རྩི་སེམས་ལ་དྲན་ཏེ་ཁ་ནང་ལ་ཆུ་འཁོར་ཞིང་། ཁོ་རང་འགྲོ་མཚམས་བཞག་ནས་ཡག་པོར་ཉན་པ་རེད། ཁོས་རང་གི་མགོ་ཐོག་གི་སྡོང་པོའི་ཡལ་གའི་ཁྲོད་ནས་བྱ་དེ་མ་མཐོང་བར་དུ་བཙལ་བ་རེད། ཅིར་་་་་ཅིར་་་་ཅིར་་་་བྱ་དེ་ཡལ་ག་གཅིག་ནས་ཤིང་སྡོང་གཞན་པ་ཞིག་གི་ཡལ་གའི་སྟེང་བབས་ནས་གྲག་པ་རེད། ཅིར་་་་ཅིར་་་་ཅིར་་་བྱ་དེས་བོས་པ་རེད། བྱ་དེས་རྗིན་གྷིལ་གྱིས་ཁོའི་རྗེས་དེད་ནས་ཡོང་གི་ཡོད་མེད་ལ་ལྟ་བཞིན་དུ་ཤིང་སྡོང་རེ་རེའི་སྟེང་འབབ་བཞིན་དུ་ཕྱིན་པ་རེད།

Voici l’histoire de Ngede l’indicateur et d’un jeune homme avide nommé Gingile. Un jour, lorsqu’il chassait, Gingile entendit l’appel de Ngede. Gingile commença à saliver en pensant au miel. Il s’arrêta et écouta attentivement, fouillant jusqu’à ce qu’il trouve l’oiseau dans les branches au-dessus de sa tête. « Chitik-chitik-chitik, » chantait le petit oiseau, en volant d’un arbre à l’autre. « Chitik-chitik-chitik, » lançait-t-il, s’arrêtant de temps en temps pour s’assurer que Gingile le suivait.


དུས་ཚོད་ཕྱེད་ཀ་ཞིག་གི་རྗེས་ལ། ཁོང་གཉིས་ཤིང་སེ་ཡབ་ཀྱི་སྡོང་པོ་ཆེན་པོ་ཞིག་གི་འགྲམ་ལ་འབྱོར་བ་དང་། ངེ་ཌི་ཤིང་སྡོང་དེའི་ཡལ་ག་མང་པོའི་ཁྲོད་ནས་ཡར་འཕུར་མར་འབབ་མང་པོ་བྱས་པ་རེད། དེ་ནས་ཁོ་རང་ཡལ་ག་ཅིག་གི་སྟེང་བསྡད་དེ་མགོ་བོ་དཀྱོག་དཀྱོག་བྱས་པ་དང་། “འདི་ན་ཡོད་པ་རེད། ཡར་ཤོག ཁྱེད་རང་འདི་འདྲའི་འགོར་དོན་ག་རེ་རེད།” ཅེས་དྲིས་པ་རེད། རྗིན་གྷིལ་གྱིས་སྡོང་རྩ་ནས་ཡར་བལྟས་སྐབས་ཡལ་གའི་སྟེང་ན་སྦྲང་རྩི་ཡོད་པ་མཐོང་གི་མེད། ཡིན་ནའང་། ཁོས་བྱ་ངེ་ཌི་ལ་ཡིད་ཆེས་བྱས་པ་རེད།

Après une heure et demie, ils atteignirent un figuier sauvage énorme. Ngede sautilla éperdument parmi les branches. Il s’installa ensuite sur une branche et inclina sa tête vers Gingile comme pour dire, « Le voici ! Viens vite ! Qu’est-ce qui te prend autant de temps ? » Gingile ne pouvait pas voir d’abeilles depuis le dessous de l’arbre, mais il avait confiance en Ngede.


དེ་ནས་རྗིན་གྷིལ་གྱིས་ཁོ་རང་གི་རྔོན་པའི་མདུང་དེ་སྡོང་རྩ་ལ་བཞག མེ་ཤིང་འགའ་བཏུས་ནས་མེ་ཁ་ཆུང་ཆུང་ཞིག་གསོས་པ་རེད། མེ་དེ་ཡག་པོ་འབར་གྱིན་ཡོད་དུས་དེར། ཁོས་མེ་ཕུང་དེའི་དཀྱིལ་ལ་ཤིང་སྐམ་རིང་པོ་ཞིག་བཞག་པ་དང་། རྒྱུག་པ་འདི་ནི་མེ་ལ་འབུད་དུས་དུ་བ་མང་པོ་ཡོད། ཁོ་རང་ག་ལེར་ཤིང་སྡོང་གི་མགོར་འགོས་ཤིང་། རྒྱུག་པ་དུ་བ་ཡོད་པ་དེའི་སྣེ་གཅིག་དེ་ཁོ་རང་གི་སོ་བར་ལ་ཉར་ནས་ཡར་འགོས་པ་རེད།

Alors, Gingile déposa sa lance sous l’arbre, recueillit des brindilles séchées et alluma un petit feu. Une fois que le feu brûlait bien, il mit une longue branche au cœur du feu. Ce bois était connu pour la fumée qu’il créait quand il brûlait. Gingile commença à grimper, tenant entre ses dents le bout froid de la branche qui fumait.


ཅུང་མ་འགོར་བར་ཁོས་སྦྲང་མ་མང་པོས་བྲེལ་བའི་ངང་སྦྲང་རྩི་གསོག་བཞིན་པའི་སྒྲ་ཐོས་པ་རེད། ཁོང་ཚོ་ཤིང་སྡོང་དེའི་སྟེང་གི་ཨི་ཁུང་ཞིག་གི་ཁ་ནས་ནང་ལ་འཕུར་འགྲོ་བ་དང་ཕྱི་ལ་འཕུར་ཡོང་བ་སོགས་བྱེད་ཀྱི་ཡོད་པ་རེད། དེ་ཁོང་ཚོའི་ཚང་རེད། རྗིན་གྷིལ་ཨི་ཁུང་ཡོད་སར་འབྱོར་མ་ཐག་ཁོས་རྒྱུག་པ་དེའི་སྣེ་མོ་དུ་བ་ཡོད་ས་དེ་སྦྲང་ཚང་དེའི་ནང་བཏང་བ་རེད། སྦྲང་མ་རྣམས་ཚང་ནང་ནས་ཕྱིར་མགྱོགས་པོར་ཐོན་ཡོང་བ་དང་། ཁོང་ཚོ་ཁོང་ཁྲོ་ལངས་ཤིང་། ཕྱིར་རྒྱག་རེས་བྱེད་འདོད་ཡོད་པ་རེད། ཡིན་ནའང་། ཁོང་ཚོ་དུ་བ་ལ་དགའ་བོ་མེད་སྟབས་ཐག་རིང་ཙམ་ལ་འཕུར་དགོས་བྱུང་བ་དང་། ཐག་རིང་ལ་མ་འཕུར་སྔོན་ལ་རྗིན་གྷིལ་ལ་སོ་ངར་མ་འགའ་འདེབ་དགོས་པ་རེད།

Bientôt il pouvait entendre le bourdonnement bruyant des abeilles affairées. Elles rentraient et sortaient d’un creux dans le tronc d’arbre - leur ruche. Lorsque Gingile arriva à la ruche il mit le bout fumant de la branche dans le creux. Les abeilles sortirent, fâchées et méchantes. Elles s’envolèrent parce qu’elles n’aimaient pas la fumée - mais pas avant d’avoir piqué douloureusement Gingile !


སྦྲང་མ་རྣམས་ཕྱི་ལ་འཕུར་རྗེས། རྗིན་གྷིལ་གྱིས་སྦྲང་ཚང་ནང་དུ་ལག་པ་བཏང་བ་དང་། སྦྲང་མའི་ཉལ་ཁང་སྤར་བ་གང་ཕྱིར་བཏོན་ཡོང་བ་རེད། དེའི་ནང་དུ་སྦྲང་རྩིའི་ཐིགས་པ་འཛར་ཞིང་སྣུམ་ཞག་དོད་པོ་ཡོད་པ་མ་ཟད། སྦྲང་ཕྲུག་དཀར་པོ་མང་པོ་ཡོད་པ་རེད། ཁོས་སྦྲང་ཚང་དེ་ཁོ་རང་གི་ཕྲག་པར་ཁུར་བའི་ཁུག་མ་དེའི་ནང་དུ་ག་ལེར་བླུག་པ་དང་དེ་ནས་ག་ལེར་མར་བབ་ནས་ཡོང་བ་རེད།

Quand les abeilles furent sorties, Gingile enfonça ses mains dans le nid. Il sortit des poignées de rayons de miel d’abeilles desquelles s’écoulait du miel riche et des larves grasses et blanches. Il mit soigneusement le nid dans la besace qu’il portait sur son épaule et commença à descendre de l’arbre.


ངེ་ཌི་ཡིས་རྗིན་གྷིལ་གྱིས་ཅི་ཞིག་བྱེད་ཀྱིན་པ་དེར་དོ་སྣང་ཆེན་པོས་བལྟས་བསྡད་པ་རེད། ཁོའི་སེམས་ལ་རྗིན་གྷིལ་གྱིས་ལས་ཀ་ཚར་བའི་རྗེས་ལ། ཁོ་རང་ལ་སྦྲང་ཚང་བསྟན་པའི་རྔན་པ་ལ་སྦྲང་རྩིའི་ཐིགས་པ་རེ་ཟུང་སྤྲོད་གི་རེད་བསམ་ནས་རེ་སྒུག་བྱས། ངེ་ཌི་ཤིང་སྡོང་གི་ཡལ་ག་གཅིག་ནས་གཅིག་ལ་བབས། ག་ལེར་བྱས་ནས་ས་ཐོག་ལ་ཐག་ཇེ་ཉེ་ཇེ་ཉེར་ཕྱིན་པ་རེད། མཐའ་མར་རྗིན་གྷིལ་ཤིང་སྡོང་གི་རྩད་པར་འབྱོར། ངེ་ཌི་བུ་ཆུང་དེའི་ཐག་ཉེ་སའི་ཕ་བོང་ཞིག་གི་སྟེང་བབས་ཏེ་ཁོ་རང་གི་རྔན་པ་ལ་སྒུག་བསྡད་པ་རེད།

Ngede regardait avec impatience tout ce que Gingile faisait. Il attendait qu’il laisse un gros morceau de nid d’abeille comme signe de remerciement à l’indicateur. Ngede voltigeait de branche en branche, de plus en plus près du sol. Finalement, Gingile arriva au pied de l’arbre. Ngede se percha sur une roche près du garçon et attendit sa récompense.


ཡིན་ནའང་། རྗིན་གྷིལ་གྱིས་མེ་བསད། ཁོ་རང་གི་མདུང་ལག་ལ་བཟུང་། དེ་ནས་བྱེའུ་དེར་ཁ་ཡ་མ་བྱས་པར་སོ་སོའི་ནང་དུ་ལོག་ཕྱིན་པ་རེད། ངེ་ཌི་ཡིས་ཁོང་ཁྲོ་ཆེན་པོ་སྒོ་ནས། “ཝེ་ཁི་ཊོར། ཝི་ཁི་ཊོར།” ཞེས་བོས་པ་དང་། རྗིན་གྷིལ་འགྲོ་མཚམས་བཞག་ཅིང་བྱེའུ་དེར་མིག་གིས་ཅེར་ནས་གད་མོ་བགད་པ་རེད། “ཁྱོད་ལ་སྦྲང་རྩི་ཏོག་ཙམ་དགོས་གི་ཡོད་པ་རེད། རེད་དམ། ངའི་གྲོགས་པོ། ཧཱ། ཡིན་ནའང་ལས་ཀ་ཚང་མ་ང་རང་གིས་ལས་པ་ཡིན། སྦྲང་མའི་མཆུ་རྩེག་ཚང་མ་ང་རང་གིས་ཉོས་པ་རེད། ག་རེ་བྱས་ནས་ངས་སྦྲང་རྩི་སྙིང་རྗེ་བོ་འདི་ཁྱོད་ཀྱི་མཉམ་དུ་བགོ་བཤའ་རྒྱག་དགོས་པ་རེད།” ཅེས་བཤད་པ་དང་ཕར་གོམ་པ་བརྒྱབ་ནས་ཕྱིན་སོང་བ་རེད། ངེ་ཌི་ཁོང་ཁྲོ་ལངས་ནས་འབར་གྲབ་བྱས། ཁོ་ལ་བྱེད་སྟངས་འདི་འདྲ་མ་རེད། ཡིན་ནའང་ཁོས་རང་གི་ཤ་འཁོན་ལེན་གི་རེད།

Mais Gingile éteint le feu, ramassa sa lance et commença à rentrer chez lui, en ignorant l’oiseau. Ngede lança, fâché, « VIC-torr ! VIC-torr ! » Gingile s’arrêta, dévisagea le petit oiseau et éclata de rire. « Tu veux du miel, mon ami ? Ha ! Mais c’est moi qui ai fait tout le travail et qui me suis fait piquer. Pourquoi est-ce que je devrais partager ce miel avec toi ? » Et il partit. Ngede était furieux ! Ce n’était pas une façon de le traiter ! Mais il aurait sa revanche.


བདུན་ཕྲག་འགའི་རྗེས་ཀྱི་ཉི་མ་ཞིག་ལ་རྗིན་གྷིལ་གྱིས་ངེ་ཌི་ཡིས་སྦྲང་རྩི་ཡོད་པའི་བརྡ་རྒྱག་བཞིན་པ་ཐོས་པ་རེད། ཁོས་སྦྲང་རྩི་ཞིམ་ཤོས་དེ་སེམས་ལ་འཁོར། དེ་ནས་ཡང་བསྐྱར་རེ་བ་ཆེན་པོའི་སྒོ་ནས་བྱེའུ་དེའི་རྗེས་དེད་པ་རེད། ངེ་ཌེ་ཡིས་རྗིན་གྷིལ་ནགས་ཀྱི་ཟུར་ཞིག་སྐོར་ནས་ཁྲིད་པ་དང་། ཚེར་མ་ཧ་ཅང་མང་སའི་ཤིང་སྡོང་ཞིག་གི་སྟེང་བབས་པ་རེད། ཨ་ཧ་་་། སྦྲང་ཚང་དེ་ཤིང་སྡོང་འདིའི་རྩེ་ན་ཡོད་ཐག་ཆོད་རེད། རྗིན་གྱིས་དེ་ལྟར་བསམ་པ་དང་། ལམ་སེང་སྡོང་རྩ་ནས་མེ་ཁ་གསོས་ཏེ། ཤིང་སྡོང་གི་རྩེ་ལ་འཛེག་པ་རེད། དུ་བ་ལངས་བཞིན་པའི་སྡོང་བོའི་ཡལ་ག་དེ་ཁོ་རང་གི་ཁ་ནང་ན་ཡོད། ངེ་ཌེ་སྡོང་རྩེར་བབས་ཤིང་བལྟས་ནས་བསྡད།

Un jour, plusieurs semaines plus tard, Gingile entendit de nouveau l’appel de Ngede. Il se souvint du miel délicieux et suivit avec impatience l’oiseau une fois de plus. Après avoir guidé Gingile à l’orée de la forêt, Ngede s’arrêta pour se reposer dans un acacia épineux. « Ahh, » pensa Gingile. « La ruche doit être dans cet arbre. » Il alluma rapidement son petit feu et commença à grimper, la branche fumante entre ses dents. Ngede s’assit et le regarda.


རྗིན་གྷིལ་སྡོང་མགོར་འགོས་ནའང་། ནམ་རྒྱུན་གྱི་སྦྲང་ཚང་གི་དིར་སྒྲ་དེ་མེད་དོན་ཅི་ཡིན་ནམ་སྙམ་པ་རེད། “གཅིག་བྱས་ན་སྦྲང་ཚང་དེ་ཤིང་སྡོང་འདིའི་ལོ་འདབ་ཀྱི་གསེང་ན་ཡོད་ཀྱི་རེད།” ཁོས་དེ་ལྟར་བསམས། ཁོ་རང་ཡལ་ག་གཞན་པ་ཞིག་གི་སྟེང་ལ་འགོས་པ་རེད། ཡིན་ནའང་སྦྲང་ཚང་ཞིག་རྙེད་རྒྱུའི་ཚབ་ཏུ། ཁོས་རང་ཉིད་གཟིག་ཅིག་གི་ཁ་གཏད་དུ་ལངས་སྡོད་པ་ཤེས་པ་རེད། གཟིག་དེ་ནི་ཁོ་རང་གི་གཉིད་ལ་དོན་མེད་བར་ཆད་བྱས་པ་དེར་ཁོང་ཁྲོ་ལངས་པ་དང་། གདོང་གི་གཉེར་མ་བསྡུས་ནས་ལྟ་བཞིན། ཁ་གདང་སྟེ་མཆེ་བ་ཆེན་པོ་དང་རྣོན་པོ་དེ་བསྟན་པ་རེད།

Gingile grimpa, se demandant pourquoi il n’entendait pas le bourdonnement habituel. « Peut-être que la ruche est très profonde dans l’arbre, » se dit-il. Il se hissa sur une autre branche. Mais au lieu de la ruche, il arriva face-à-face avec le visage d’un léopard ! Léopard était très fâchée que son sommeil ait été interrompu si brusquement. Ses yeux se plissèrent et elle ouvrit sa bouche pour révéler ses grandes dents pointues.


གཟིག་གིས་སོ་ཆེན་པོ་ཞིག་བཏབ་ནས་མ་ཟོས་པའི་སྔོན་ལ། ཁོ་རང་མགྱོགས་པོ་བྱས་ནས་མར་སྡོང་རྩར་འབབ་རྩིས་བྱས་པ་རེད། ཁོ་རང་བྲེལ་འཚུབ་ངང་ཡོང་སྟབས་ཡལ་ག་ཞིག་ལག་ནས་ཤོར་ཏེ་ལྗིད་ལྟིག་གེར་ས་ལ་ལྷུང་བ་རེད། ཁོ་རང་གི་རྐང་པའི་སྲེ་ལུང་རྫོག་པ་དང་། ཁོ་རང་འཁྱོག་འཁྱོག་བྱས་ནས་གང་ཐུབ་ཅི་ཐུབ་ཀྱིས་མགྱོགས་པར་བྲོས་པ་རེད། དེའི་ཁར་ཁོ་རང་རླུང་རྟ་རྒྱུག་སྟེ། གཟིག་དེ་ད་དུང་གཉིད་སངས་ཡག་མིན་སྟབས་ཁོ་རྗེས་འདེད་ཀྱིས་བདའ་ཡོད་པ་མ་རེད། སྦྲང་རྩི་སྟོན་མཁན་གྱི་བྱེའུ་ངེ་ཌི་ཡིས་འཁོན་ལན་སློག་པ་རེད་ལ། རྗིན་གྷིལ་ལའང་རང་གི་ཐེངས་འདིའི་སློབ་ཚན་ཡག་པོ་ཞིག་རག་པ་རེད།

Avant que Léopard ne puisse s’en prendre à Gingile, ce dernier se précipita en bas de l’arbre. Dans son empressement, il manqua une branche et atterrit par terre avec un bruit sourd, se tordant la cheville. Heureusement pour lui, Léopard était encore trop endormie pour le poursuivre. Ngede, l’indicateur, eu sa revanche. Et Gingile retint sa leçon.


དེའི་རྗེས་ནས་བཟུང་། རྗིན་གྷིལ་གྱི་བྱིས་པ་རྣམས་ཀྱིས་བྱེའུ་དེའི་སྐོར་གྱི་སྒྲུང་གོ་དུས་བྱེའུ་ཆུང་ཆུང་དེར་བརྩི་བཀུར་བྱེད་དགོས་ཀྱི་ཡོད་ལ། ཁོང་ཚོས་ག་དུས་སྦྲང་རྩི་ལེན་སྐབས་དེའི་ནང་གི་སྦྲང་ཚང་གི་ཕྱེད་ཀ་ཆེ་ཤོས་དེ་སྦྲང་རྩི་སྟོན་མཁན་གྱི་བྱེའུ་དེར་འཇོག་གི་ཡོད་པ་རེད།

Ainsi, quand les enfants de Gingile entendent l’histoire de Ngede ils respectent le petit oiseau. Chaque fois qu’ils récoltent du miel, ils s’assurent de laisser la plus grande partie du rayon à l’indicateur !


Écrit par: Zulu folktale
Illustré par: Wiehan de Jager
Traduit par: འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen
Lu par: པད་མ་ཆོས་སྒྲོན། Pema Choedon
Langue: tibétain
Niveau: Niveau 4
Source: The Honeyguide's revenge du Livre de contes africains
Licence de Creative Commons
Ce travail est autorisé sous une licence Creative Commons Attribution 3.0 non transposé.
Options
Retour à la liste des contes Téléchargement PDF