下载 PDF
返回故事列表

ང་གྲོང་གསེབ་ནས་གྲོང་ཁྱེར་ལ་ཕྱིན་པའི་ཉིན་མོ། 离家进城的那一天

作者 Lesley Koyi, Ursula Nafula

插图 Brian Wambi

译文 འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen

配音 པད་མ་ཆོས་སྒྲོན། Pema Choedon

语言 藏语

级别 3级

将整故事念出来

播放速度

自动念故事


ང་ཚོའི་གྲོང་གསེབ་ཀྱི་འགྲུལ་འཁོར་འབབ་ཚུགས་ན་མི་ཚོགས་དང་རྐུབ་སྟེགས་ཁེངས་ཚར་པའི་རླངས་འཁོར་གྱི་འཚང་ཁ་ཆེན་པོ་འདུག་ལ། ད་དུང་རླངས་འཁོར་ནང་ལ་འབུད་མཁན་གྱི་མི་དེ་ལས་མང་བ་འདུག ཁ་ལོ་བ་རྣམས་ཀྱིས་སོ་སོའི་འགྲུལ་འཁོར་འགྲོ་སའི་ས་ཆའི་མིང་གང་ཡིན་སྐད་རྒྱབ་ནས་བཤད་ཀྱིན་འདུག

在我生活的村庄里,有一个小小的大巴车站。大巴车站虽然小,但是人来车往,非常热闹,地上常常堆满了装载的货物,售票员叫喊着大巴车开往的方向。


“གྲོང་ཁྱེར། གྲོང་ཁྱེར། ནུབ་ཕྱོགས་སུ་འགྲོ་མཁན་ཡིན།” ཁ་ལོ་བ་གཅིག་གིས་དེ་ལྟར་སྐད་རྒྱག་གིན་ཡོད་པ་ངས་ཐོས་བྱུང་ལ། ངས་རྗེས་ཟིན་དགོས་པའི་འགྲུལ་འཁོར་ནི་དེ་རང་རེད།

我听到售票员喊“进城啦!进城啦!往西去!”这就是我要乘坐的大巴车。


འགྲུལ་འཁོར་དེའི་ནང་ཕལ་ཆེར་འགྲུལ་བས་ཁེངས་བསྡད་འདུག་ནའང་། ས་ན་ད་དུང་ཡར་འཚང་ཁ་བྱེད་མཁན་མང་པོ་འདུག འགའ་རེས་སོ་སོའི་ཁུར་པོ་རླངས་འཁོར་གྱི་འོག་གི་སྒམ་ནང་ལ་འཇུག་གིན་འདུག་ལ། ཁ་ཤས་ཀྱིས་རྒྱབ་ཁུག་རྣམས་འཁྲིས་ཀྱི་བང་ཁྲིའི་སྟེང་ལ་འཇོག་གིན་འདུག

进城的大巴车几乎坐满了,但是人们还是不停地往里面挤。一些人把行李放在车顶,还有一些人把行李放在车厢里的架子上。


ཁ་ཤས་ཀྱིས་འཛིནབྱང་བཟུང་སྟེ་རླངས་འཁོར་ནང་གི་རྐུབ་སྟེགས་འཚོལ་གྱིན་འདུག་ལ། བྱིས་པ་བཟུང་བའི་བུད་མེད་རྣམས་ཀྱིས་འགྲུལ་བཞུད་རིང་པོ་དེའི་བར་དུ་རང་རང་གི་འདུག་ས་བདེ་བོ་བཟོ་བཞིན་འདུག

刚上车的乘客们紧紧地抓着他们的车票,在拥挤的车厢里寻找座位,带着小孩的妇女们都坐得舒舒服服的。


ང་རང་སྒེའུ་ཁུང་འཁྲིས་ཀྱི་རྐུབ་སྟེགས་ཤིག་གི་སྟེང་བཙུར་ནས་བསྡད་པ་ཡིན་ལ། ངའི་འཁྲིས་ན་སྡོད་པའི་མི་དེས་ལག་ལ་འགྱིག་གི་ཁུག་མ་ལྗང་ཁུ་ཞིག་ཉར་འདུག་ཅིང་། བསིལ་ལྷམ་རྙིང་བ་ཞིག་དང་ནུབ་ལྭ་རྙིང་ཧྲུལ་ཞིག་གོན་འདུག ཁོ་རང་བལྟས་ཚོད་ཀྱིས་བདེ་བོ་མེད་པ་ལྟར་སྣང་།

我挤到了窗边的一个座位里。旁边的乘客紧紧地抓着一个绿色的塑料包裹。他穿着破旧的凉鞋和外套,看起来很紧张。


ངས་སྒེའུ་ཁུང་ལས་ཕྱི་རོལ་ལ་བལྟས་པ་ཡིན་ལ། རང་ཉིད་ནར་སོན་སའི་ཕ་ཡུལ་གྲོང་གསེབ་དེ་བཞག་ནས་འགྲོ་བཞིན་པ་སེམས་ན་གསལ་བོར་འདུག ང་རང་གྲོང་ཁྱེར་ཆེན་པོ་ཞིག་ལ་འགྲོ་གིན་ཡོད།

我朝窗外看去,这才意识到,我正在离开我长大的村庄,我要进城了!


ཅ་ལག་ཚང་མ་རྩིག་ཚར་འདུག་ལ། མི་ཚང་མའང་སོ་སོའི་རྐུབ་སྟེགས་སྟེང་ལ་བསྡད་འདུག སྐོར་འཚོང་བ་དག་གིས་སོ་སོའི་ཅ་དངོས་རྣམས་འགྲུལ་བ་རྣམས་ལ་བཙོང་ཆེད་དུ་མུ་མཐུད་ནས་རླངས་འཁོར་ནང་ལ་འཚང་ཁ་རྒྱག་བྱེད་ཀྱིན་འདུག ཁོང་ཚོས་སོ་སོར་ཅ་ལག་ག་རེ་འཚོང་རྒྱུ་ཡོད་པའི་སྐོར་སྐད་རྒྱབ་ནས་བཤད་ཀྱིན་འདུག ངས་འདི་དག་ཁྱད་མཚར་པོ་ཞིག་ཏུ་མཐོང་།

货物都装载完了,乘客们都坐好了。小商贩们还在努力地挤到车厢里,向乘客们大声叫卖着货物。他们的话听起来怪好笑的。


འགྲུལ་བ་ཁ་ཤས་ཀྱིས་སྐོམ་ཆུ་ཉོས་པ་དང་། འགའ་རེ་ཡིས་ཞོར་ཟས་ཉོས་ནས་ཁ་ནང་ལ་མུར་མགོ་བཙུགས། ང་རང་ལྟ་བུ་ལག་ན་དངུལ་ཅི་ཡང་མེད་མཁན་རྣམས་ཀྱིས་ལྟད་མོར་བལྟས་ནས་སྡོད་དགོས་པ་རེད།

有一些乘客买了饮料,还有一些乘客买了零食,正准备拆开来吃。像我一样没有钱的人只能看着。


རླངས་འཁོར་གྱི་དུང་བརྡ་དེས་བྱེད་སྒོ་འདི་དག་གི་མཚམས་བཅད་ཅིང་། དེ་ནི་ང་ཚོ་ལམ་ལ་ཆས་དགོས་པའི་བརྡ་རེད། ཁ་ལོ་བས་སྐོར་ཚོང་བ་རྣམས་རླངས་འཁོར་ནང་ནས་ཕྱིར་འབུད་དགོས་པར་བཤད།

大巴车滴滴叫了两声,要开了,小商贩的活动戛然而止。售票员喊着,赶他们下车。


སྐོར་ཚོང་བ་དག་གིས་རླངས་འཁོར་ལས་ཕྱིར་འབུད་ཆེད་དུ་འཚང་རྒྱག་བྱེད་ཀྱིན་འདུག་ལ། ཁ་ཤས་ཀྱིས་དངུལ་གྱི་སིལ་མ་སློག་པ་དང་། རེ་ཟུང་གིས་སོ་སོའི་ཚོང་ཟོག་ནང་ནས་ཅ་དངོས་རེ་ཟུང་བཙོང་བར་མཐའ་མཇུག་གི་འབད་བརྩོན་བྱེད་ཀྱིན་འདུག

小商贩们推推搡搡下了车。一些人还在忙着找零钱,还有一些人赖着想最后再做点生意。


འགྲུལ་འཁོར་དེ་འབབ་ཚུགས་དང་ཡུན་གྱིས་གྱེས་སོང་། ངས་སྒེའུ་ཁུང་ནས་ཕྱི་རོལ་ལ་ཅེར་ཞིང་། ད་ནི་ཕྱིར་རང་གི་གྲོང་གསེབ་འདི་ལ་ཡོང་ཐུབ་པའི་དུས་ཤིག་ཨེ་ཡོད་སྙམ་པའི་ཐེ་ཚོམ་གྱི་བློ་ཞིག་ཀྱང་སྐྱེས།

大巴车缓缓离开了车站,我看着窗外,不知道今后会不会有机会回来了。


འགྲུལ་བཞུད་རིང་ནས་རིང་དུ་ཕྱིན་སྐབས། རླངས་འཁོར་གྱི་ནང་དུ་ཚ་བ་ཇེ་ཆེ་རེད། ངས་ནི་རང་ཉིད་གཉིད་ཁུག་ཨེ་ཐུབ་བསམ་ནས་མིག་གཉིས་བཙུམ་ནས་ཕྱིན་པ་ཡིན།

旅程渐渐展开,车厢里慢慢热了起来,我闭上眼睛,想小睡一会儿。


ཡིན་ནའང་ངའི་བསམ་བློ་ཕྱིར་ཕ་ཡུལ་ལ་འཁོར། ངའི་ཨ་མ་ལགས་བདེ་འཚམ་ངང་སྡོད་ཐུབ་བམ། ངའི་རི་བོང་གིས་དངུལ་འཁྱེར་ཡོང་ཐུབ་བམ། ངའི་སྤུན་མཆེད་ཀྱིས་ངའི་ཤིང་སྡོང་གི་རྩད་པར་ཆུ་གཏོར་རྒྱུ་དྲན་སོས་ཐུབ་ཀྱི་ཡོད་དམ།

但我的思绪却飞回了家。我的妈妈安全吗?我的兔子会卖了赚钱吗?我的弟弟会帮着给小树苗浇水吗?


ལམ་བར་ནས། ངས་གྲོང་ཁྱེར་ཆེན་པོ་དེའི་ནང་ཡོད་པའི་རང་གི་ཨ་ཁུ་སྡོད་སའི་ས་ཆ་དེའི་མིང་དེ་བློ་ལ་སྐྱོར་བ་ཡིན། ང་རང་གཉིད་ལ་ཤོར་སྐབས་སུའང་ངས་ས་མིང་དེ་ཁ་ནས་མུར་མུར་དུ་སྐྱོར་བཞིན་ཡོད།

在路上,我努力记住我叔叔在城市里的地址。我迷迷糊糊地说着地址,沉沉地睡去。


དུས་ཚོད་དགུ་ཡི་རྗེས་ལ། སྒྲ་ཆེན་པོ་ཞིག་གིས་ང་གཉིད་ལས་བསླངས་ཤིང་། ཁ་ལོ་བས་ཕྱིར་ངའི་ཕ་ཡུལ་གྲོང་གསེབ་ལ་འགྲོ་མཁན་གྱི་འགྲུལ་བ་སྐད་གཏོང་གི་འདུག ངས་མགྱོགས་པོར་རང་གི་རྒྱབ་ཁུག་ཆུང་ཆུང་དེ་འཇུས་ཤིང་། རླངས་འཁོར་ལས་སར་བབས་པ་ཡིན།

过了九个小时,我被售票员的叫喊声吵醒了,他在喊乘客坐车回村庄。我一把抓住我的包,跳下了车。


ཕྱིར་ལོག་པའི་རླངས་འཁོར་དེ་ལམ་སེང་ཁེངས་སོང་ལ། ཅུང་མི་འགོར་བར་རླངས་འཁོར་དེ་ཕྱིར་ཤར་ཕྱོགས་སུ་ལམ་ལ་ཆས་འགྲོ་གི་རེད། སྐབས་འདིར། ང་ལ་མཚོན་ན་དོན་དག་གལ་ཆེ་ཤོས་ནི་གཞི་ནས་སོ་སོའི་ཨ་ཁུ་འཚོལ་དགོས་པ་དེ་རེད།

回程的大巴车很快就坐满了,不久就要开回东边的村庄去了。对我来说,现在最重要的事情就是找到我叔叔的家。


作者: Lesley Koyi, Ursula Nafula
插图: Brian Wambi
译文: འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen
配音: པད་མ་ཆོས་སྒྲོན། Pema Choedon
语言: 藏语
级别: 3级
出处: 原文来自非洲故事书The day I left home for the city
共享创意授权条款
本着作系采用共享创意 署名 4.0 未本地化版本授权条款授权。
选项
返回故事列表 下载 PDF