ཊོམ་གྱིས་ངང་ལག་སྨིན་མ་ཤིང་ཁྲོལ་གང་མགོ་ལ་ཁུར་ཡོད།
汤姆顶着一篮熟透的香蕉。
ཁོང་ཁྲོམ་ལ་ངང་ལག་འཚོང་བར་འགྲོ་གི་ཡོད།
汤姆去集市上卖香蕉。
ཁྲོམ་དུ་མི་ཚོས་ཤིང་ཏོག་ཉོ་གི་ཡོད་རེད།
很多人去集市上买水果。
ཡིན་ན་ཡང། མི་གཅིག་གིས་ཀྱང་ཊོམ་གྱི་ངང་ལག་ཉོ་གི་ཡོད་མ་རེད། ཁོང་ཚོས་བུད་མེད་ཚོའི་ས་ནས་ཤིང་ཏོག་ཉོ་རྒྱུར་དགའ་བ་བྱེད་ཀྱི་ཡོད།
但是没有人去汤姆那儿,因为他们更喜欢去女人们那儿买。
མང་ཚོགས་ཀྱིས། ང་ཚོའི་སྡེ་བའི་ནང་བུད་མེད་ཚོས་མ་གཏོགས་ཤིང་ཏོག་བཙོང་གི་ཡོད་མ་རེད་ཅེས་ལབ། དེ་ནས་ཁོང་ཚོས། འདི་སྐྱེས་པ་ག་འདྲ་ཞིག་རེད་དམ་ཅེས་དྲིས།
人们说:“在我们这儿,只有女人会去卖水果”。他们问:“什么男人会去卖水果啊?”
ཡིན་ན་ཡང་། ཊོམ་གྱི་སེམས་ཤུགས་མ་ཆག་པར། ངའི་ངང་ལག་མངར་མོ་གཟིགས། ངའི་ངང་ལག་སྨིན་པ་ཚོ་གཟིགས་རོགས་གནང་ཞེས་སྐད་བརྒྱབ།
但是汤姆没有放弃。他在集市上叫卖:“快来买我的香蕉!又大又甜的香蕉!”
བུད་མེད་གཅིག་གིས་ཤིང་ཁྲོལ་ནང་ནས་ངང་ལག་ཆག་པ་ཞིག་ཡར་བླངས་ནས་ཡག་པོར་བལྟས་པ་རེད།
有一个妇女从篮子里抓了一把香蕉,仔细地查看。
བུད་མེད་དེས་ངང་ལག་ཉོས་པ་རེད།
然后她买了那把香蕉。
དེ་ནས་མི་མང་པོས་རིམ་བཞིན་་ཊོམ་གྱི་ངང་ལག་ཉོས་ནས་ཟ་གི་ཡོད་རེད།
越来越多的人到汤姆的摊位前。他们买了汤姆的香蕉,吃得津津有味。
ཡུན་རིང་མ་འགོར་བར་ཁོའི་ཤིང་ཁྲོལ་སྟོང་བ་ཆག་པ་རེད། དེ་ནས་ཊོམ་གྱིས་བྱུང་དངུལ་རྩིས་པ་རེད།
不一会儿,汤姆的篮子就空了,他数了数自己卖香蕉赚到的钱。
དེ་ནས་ཊོམ་གྱིས་ཡི་ཙི་དང་། བྱེ་མ་ཀ་ར། བག་ལེབ་སོགས་ཉོས་པ་རེད། དེ་ཚོ་ཁོ་རང་གི་ཤིང་ཁྲོལ་ནང་ལ་བཞག་པ་རེད།
汤姆用这些钱买了肥皂、糖和面包。他把这些东西放在他的篮子里。
ཊོམ་གྱིས་ཤིང་ཁྲོལ་ཁོ་རང་གི་མགོར་བརྟན་པོར་བཞགས་ནས་ནང་ལ་ཕྱིན་པ་རེད།
汤姆把篮子稳稳当当地顶在头上,回家了。