返回故事列表
སྨོ་སྨོ་ཡི་ཤིང་འབྲས་ལྡུམ་ར་ནི་ཡ་མཚན་ཞིག་ཡོད་ཅིང་། དེར་ཤིང་སྡོང་མོན་ཆག་དང་། ཁྲེ་རྒོད། ཁཱ་ས་ཝ་སོགས་ཀྱིས་ཁེངས་ཡོད་པ་རེད། ཡིན་ནའང་དེ་དག་གི་ནང་ནས་ཀྱང་ཡག་ཤོས་ནི་ངང་ལག་གི་ཤིང་སྡོང་རེད། སྤྱིར་སྨོ་སྨོ་ལ་ཚ་བོ་དང་ཚ་མོ་མང་པོ་ཡོད་ནའང་མོ་རང་གི་དགའ་མོས་ཆེ་ས་དེ་ང་རང་ཡིན་པ་ངས་གསང་སྟབས་ཀྱིས་ཤེས་སོང་། མོས་ནམ་རྒྱུན་ང་མོ་རང་གི་ཁྱིམ་ལ་སྐད་གཏོང་གི་ཡོད་ལ། དེར་མ་ཟད་ང་ལ་གསང་བ་ཆུང་ཆུང་མང་པོ་བཤད་ཀྱིན་ཡོད། ཡིན་ནའང་། གསང་བ་གཅིག་ནི་མོས་ང་ལ་ནམ་ཡང་བཤད་མྱོང་མེད། དེ་ནི་ངང་ལག་སྨིན་ཟིན་པ་རྣམས་གང་ན་ཡོད་པའི་སྐོར་རེད།
奶奶有一座美丽的大花园,里面种满了高粱,杂谷和木薯,但里面最棒的是香蕉。奶奶虽然有很多孙子孙女,但我心里知道她最喜欢我。她常常邀请我去她家,告诉我一些小秘密。但是有一个秘密,她从来没有告诉我,那就是她催熟香蕉的办法。
ཉི་མ་གཅིག་ལ་ངས་སྨོ་སྨོའི་ཁང་པའི་ཕྱི་རོལ་གྱི་ཉི་མ་དྲོ་ས་ཞིག་ན་རྩྭ་ཆག་གིས་བཟོས་པའི་སླེ་བོ་ཞིག་ཡོད་པ་མཐོང་། ངས་ཁོང་ལ་སླེ་བོ་དེ་ཅི་ཞིག་གི་སྐོར་ཡིན་པ་དྲིས་སྐབས་ང་ལ་ཕྱིར་ལན་བཏབ་དོན། “འདི་ནི་ངའི་སྒྱུ་འཁྲུལ་གྱི་སླེ་བོ་ཡིན།” ཟེར། སླེ་བོ་དེ་ཡི་འཁྲིས་ན་ངང་ལག་གི་ལོ་མ་སྐོར་ཞིག་ཡོད་ལ། སྨོ་སྨོས་ལོ་མ་དེ་ཚོ་དུས་ནས་དུས་སུ་ཁ་ལོ་སྒོར་གྱིན་འདུག ངས་ལོ་མ་དེ་ཚོ་ཅི་ཞིག་གི་ཆེད་དུ་ཡིན་པ་དྲིས་སྐབས་མོས། “འདི་དག་ནི་ངའི་སྒྱུ་འཁྲུལ་གྱི་ལོ་མ་རྣམས་ཡིན།” ཟེར།
有一天,我看到奶奶在门外放了一个巨大的麦秆编成的篮子。我问奶奶这是做什么的,奶奶却只说:“这是我的神秘篮子。”篮子旁边放了几片香蕉叶子,奶奶把叶子来回翻动。我很好奇,问奶奶:“这些叶子是做什么的?”奶奶却只说:“这是我的神秘叶子。”
སྨོ་སྨོ་ལགས་ལ་བལྟས་ཀྱིན་བལྟས་ཀྱིན་ལྟ་འདོད་པ་ཞིག་རེད། མོ་རང་གི་ངང་ལག་རྣམས། ངང་ལག་གི་ལོ་མ་རྣམས། ད་དུང་རྩྭ་ཆག་གི་སླེ་བོ་དེ་དག ཡིན་ནའང་། ཉིན་ཞིག་སྨོ་སྨོས་ང་རང་ཨ་མ་ལགས་ཀྱི་འཁྲིས་ལ་ལས་ཀ་ཞིག་ལ་མངགས་སོང་། “སྨོ་སྨོ། སྐུ་མཁྱེན། ང་ལ་ཁྱེད་ཀྱི་གྲ་སྒྲིག་བྱེད་སྟངས་ལ་ལྟ་རུ་ཆུག་དང་།”ཅེས་ངས་ཞུ་བ་འཐེན་པ་ཡིན། “བུ། ཨུ་ཚུགས་མ་བྱེད་ཅིག ལས་ཀ་ག་རེ་མངགས་པ་དེ་སྒྲུབ་ཏུ་རྒྱུག” ཅེས་མོས་ཨུ་ཚུགས་མཐར་སྐྱེལ་བྱས། དེར་བརྟེན་ང་ལས་ཀ་དེ་ལས་བར་ཕྱིན་པ་ཡིན།
我好奇地看着奶奶,香蕉,香蕉叶子还有那个巨大的麦秆编成的篮子。但奶奶却把我打发到妈妈那儿跑腿。我求奶奶:“让我留下来看一看吧!”奶奶却坚持说:“别固执了,按我说的去做。”我只好跑开了。
ང་ཕྱིར་ཡོང་དུས། སྨོ་སྨོ་ཕྱི་ལོགས་ན་བསྡད་འདུག ཡིན་ནའང་སླེ་བོ་རྣམས་མི་འདུག་ལ། ངང་ལག་རྣམས་ཀྱང་མཐོང་སར་མི་འདུག “སྨོ་སྨོ། སླེ་བོ་དེ་གང་ན་ཡོད། ངང་ལག་རྣམས་གང་ལ་ཁྱེར། ལོ་མ་རྣམས་གང་ལ་་་་” ཡིན་ནའང་ང་ལ་ལན་གཅིག་རང་རག་པ་ནི་ཧ་ཅང་གི་བློ་ཕམ་སྐྱེས་པ་ཞིག་རེད། “དེ་ཚོ་ངའི་སྒྱུ་འཁྲུལ་གྱི་ས་ཆ་ན་ཡོད།” ཟེར།
当我回来的时候,奶奶正坐在外面休息,但是篮子和香蕉都不见了!我问奶奶:“篮子去哪儿了?香蕉去哪儿了?还有那些……”奶奶却说:“它们都在一个神秘的地方。”我太沮丧了!
ཉི་མ་གཉིས་ཀྱི་རྗེས་ལ། སྨོ་སྨོས་ང་མོ་རང་གི་ཉལ་ཁང་ནང་དུ་འཁར་རྒྱུག་ལེན་པར་མངགས་བྱུང་། ངས་མོའི་ཉལ་ཁང་གི་སྒོ་ཕྱེ་མ་ཐག་ངང་ལག་གི་དྲི་མ་ཞིམ་པོ་དེས་ང་རང་བཀུག་སོང་། ཁང་པའི་སྦུག་ན་སྨོ་སྨོ་ཡི་སྒྱུ་འཁྲུལ་གྱི་སླེ་བོ་དེ་འདུག སླེ་བོ་དེ་ཀམ་པ་ལི་རྙིང་པ་ཞིག་གིས་གཡོགས་འདུག ངས་ཀམ་པ་ལི་དེ་ཡར་བཀྱགས་པ་དང་དྲི་མ་ཞིམ་ཤོས་དེ་ཁྱབ་ཡོང་གི་འདུག
过了两天,奶奶让我从她的卧室拿拐杖给她。我一打开门,就闻到了熟香蕉的味道。原来奶奶的神秘篮子就放在卧室里!它上面盖了一条旧毯子,我掀起毯子,使劲地闻着那香味。
སྨོ་སྨོས་ང་ལ། ཁྱོད་ཀྱིས་ག་རེ་བྱེད་ཀྱིན་ཡོད། མགྱོགས་པོར་འཁར་རྒྱུག་དེ་ཁྱེར་ཤོག་ཅེས་སྐད་བརྒྱབ་དུས་ང་རང་ཞེད་སོང་ལ། འཁར་རྒྱུག་དེ་བཟུང་ནས་མགྱོགས་པོར་ལོག་ཡོང་བ་ཡིན། སྨོ་སྨོས་ང་ལ་ཁྱོད་རང་ཅི་ཞིག་གི་དོན་དུ་དགོད་ཀྱིན་ཡོད་ཅེས་དྲིས་བྱུང་། དྲི་བ་དེས་ང་ལ་སོ་སོའི་འཛུམ་དེ་ནི་སྨོ་སྨོའི་གསང་བའི་ས་ཆ་དེ་རྙེད་སོང་བའི་རྐྱེན་གྱིས་ཡིན་པ་ཚོར་བཅུག་བྱུང་།
奶奶喊我的时候,我吓了一跳:“你在做什么?快把我的拐杖拿来。”我赶紧把拐杖拿出去给奶奶。奶奶看着我,问:“你在笑什么?”我这才意识到,我还在因为发现了这个神奇的秘密窃笑着。
ཉིན་རྗེས་མ་དེར་སྨོ་སྨོ་ལགས་ངའི་ཨ་མར་ལྟ་གི་ཕེབས་བྱུང་། མོ་རང་དེར་འབྱོར་མ་ཐག་ང་སླར་ཡང་མགྱོགས་པོ་ཕྱིར་སྨོ་སྨོའི་ནང་ལ་ངང་ལག་དེ་ཚོ་མུ་མཐུད་དུ་ཡོད་མེད་ལྟ་རུ་རྒྱུག་པ་ཡིན། ངང་ལག་ཧ་ཅང་སྨིན་ཚར་བ་འགའ་འདུག ངས་དེའི་ནང་གི་གཅིག་བླངས་ཏེ་ངའི་དུག་ལོག་གི་མཐུ་འོག་ལ་སྦས་པ་དང་། སླེ་བོ་དེའི་ཁ་ཕྱིར་བཀབས་རྗེས་ང་ཁང་པའི་རྒྱབ་ལ་སོང་སྟེ་ངང་ལག་དེ་མགྱོགས་པོར་ཟོས་པ་ཡིན། དེ་ནི་ངས་ད་བར་དུ་ཟོས་པའི་ངང་ལག་གི་ནང་ནས་ཞིམ་ཤོས་དེ་རེད།
第二天,奶奶来看我妈妈,我又跑到奶奶家去偷看那些熟香蕉。有一把香蕉已经非常熟了。我采了一根香蕉,把它藏在我的裙子里。我小心地盖好篮子,跑到房子后面,偷偷地把香蕉吃了:这是我吃过的最美味的香蕉!
དེའི་ཉིན་རྗེས་མ་དེར། སྨོ་སྨོས་ཤིང་འབྲས་ལྡུམ་རའི་ནང་དུ་སྔོ་ཚོད་བཏོག་གིན་འདུག་ལ། ང་མགྱོགས་པོར་སྨོ་སྨོའི་ནང་ཕྱིན་ཏེ་ངང་ལག་དེ་དག་གི་པགས་པ་བཤུས་པ་ཡིན། ཕལ་ཆེར་ཚང་མ་སྨིན་འདུག ངས་ངང་ལག་བཞི་ཡིན་གཅིག་མིན་གཅིག་འཁྱེར་དགོས་ཀྱི་འདུག དེ་ལྟར་ང་སྒོ་འགྲམ་བར་དུ་རྐང་འཇབ་ལག་འཇབ་ངང་ཡོང་སྐབས་ངས་སྨོ་སྨོ་ཕྱི་ལོགས་ན་གློ་ལུ་བྱེད་བཞིན་པ་ཐོས་བྱུང་། ངས་ངང་ལག་དེ་ཚོ་དུག་ལོག་གི་མཐུ་འོག་ལ་སྦས་ཏེ་མོ་རང་གི་འཁྲིས་ནས་ཕར་ཕྱིན་པ་ཡིན།
第二天,我趁奶奶在花园里摘蔬菜的时候,偷偷跑进房间,去看那些香蕉,香蕉差不多全都熟了。我禁不住诱惑,拿了四根香蕉。我踮起脚离开房间,听到奶奶在咳嗽。我把香蕉藏在裙子下面,若无其事地走开了。
དེའི་ཕྱི་ཉིན་ནི་ཚོང་རར་འགྲོ་བའི་ཉིན་མོ་རེད། སྨོ་སྨོ་ཞོགས་པ་སྔ་པོ་ནས་གཉིད་སད་འདུག ཁོང་གིས་ནམ་རྒྱུན་ངང་ལག་དང་ཁཱ་ས་ཝ་ཁྱེར་ནས་ཁྲོམ་ནས་བཙོང་གི་ཡོད། ཉིན་མོ་དེར་ང་མོ་རང་ལ་ལྟ་བར་ཕྱིན་མེད། ཡིན་ནའང་ང་ཡིབ་ནས་རྒྱུན་རིང་པོ་འདུག་ཐུབ་གི་མ་རེད།
第二天是奶奶赶集的日子。奶奶很早就醒来了,她把成熟的香蕉和木薯运到集市上去卖。我那天没有急着去看她,但我知道,我不可能永远躲着奶奶。
ཉིན་དེའི་ཕྱི་དྲོ་ཙམ་ལ། ཨ་མ་ལགས་དང་། པཱ་ལགས། སྨོ་སྨོ་བཅས་ཀྱིས་ང་སྐད་བཏང་བྱུང་། ངས་ག་རེ་ཡིན་པ་ཧ་གོ་སོང་། མཚན་མོ་དེར་ང་མར་གཉིད་ཉལ་དུས་ངས་ད་ནས་བཟུང་བརྐུ་བྱེད་མི་རུང་བ་ཤེས་བྱུང་། སྨོ་སྨོའི་ས་ནས་བརྐུ་མི་རུང་ལ། ཕ་མའི་ས་ནས་བརྐུ་མི་རུང་། དེ་བས་ཀྱང་མི་གཞན་པའི་ས་ནས་བརྐུ་མི་རུང་བ་ཤེས་བྱུང་།
那天傍晚,我被爸爸、妈妈和奶奶叫过去。我知道他们为什么找我。那天晚上,当我上床睡觉的时候,我知道我再也不会偷东西了,不偷奶奶的,不偷爸妈的,不从任何人那里偷东西。
作者: Ursula Nafula
插图: Catherine Groenewald
译文: འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen
配音: པད་མ་ཆོས་སྒྲོན། Pema Choedon