返回故事列表
ཞོགས་པ་སྔ་མོ་ཞིག་ལ་ཝུ་སི་ཡི་རྨོ་རྨོས་ཁོ་རང་སྐད་བཏང་། “ཝུ་སི། སྒོ་ང་འདི་ཁྱེད་ཀྱི་ཕ་མ་གཉིས་ལ་སྤྲོད་རོགས། ཁོང་གིས་ཁྱོད་ཀྱི་གཅུང་མོ་ལ་ཆང་སའི་སྤྲི་གོར་ཆེན་པོ་ཞིག་བཟོ་དགོས་པར་བཤད།” ཅེས་བཤད།
一天早上,福思的奶奶唤他过来说:“福思,你带着这个鸡蛋去你爸妈那儿吧!他们要为你姐姐的婚礼做一个大蛋糕。”
ཁོ་རང་ཕ་མ་གཉིས་ལ་སྒོ་ང་དེ་སྟེར་བར་འགྲོ་སྐབས་ལམ་བར་ནས་བུ་གཉིས་ལ་འཕྲད། ཁོང་གཉིས་ཀྱིས་ཤིང་ཏོག་འཐོག་གིན་ཡོད་པ་རེད། བུ་དེ་གཉིས་ཀྱི་གཅིག་གིས་ཝུ་སི་ཡི་ལག་པའི་སྒོ་ང་བླངས་ཏེ་ཤིང་སྡོང་ཞིག་ལ་གཞུས། སྒོ་ང་དེ་ཆག་སོང་བ་རེད།
福思带着鸡蛋上了路,他遇到了两个正在采水果的男孩。其中一个男孩抓过鸡蛋,朝着果树扔过去,鸡蛋破了。
“ཁྱོད་ཀྱིས་ག་རེ་གནང་གི་ཡོད།” ཝུ་སི་ཡིས་སྐད་བརྒྱབ་ནས་བཤད། “སྒོ་ང་འདི་སྤྲི་གོར་གྱི་ཆེད་དུ་རེད། སྤྲི་གོར་དེ་ངའི་གཅུང་མོའི་ཆང་སའི་ཆེད་དུ་རེད། གལ་སྲིད་ཆང་སའི་ཉིན་མོར་སྤྲི་གོར་མེད་སོང་ན་ངའི་གཅུང་མོས་ག་རེ་ལབ་གི་རེད་ཅེས་བཤད།
福思哭了:“你做了什么?那个鸡蛋是用来做蛋糕的,这个蛋糕是送给我姐姐结婚的礼物。没了蛋糕,我姐姐会说什么?”
བུ་དེ་གཉིས་ཀྱིས་ཝུ་སི་ལ་རྩེད་མོ་རྩེས་པའི་སྐོར་ནས་དགོངས་དག་ཞུས། “ངེད་གཉིས་ཀྱིས་སྤྲི་གོར་གྱི་ཆེད་དུ་གང་ཡང་བྱེད་ཐུབ་གི་མ་རེད། འདི་ན་ཁྱེད་ཀྱི་གཅུང་མོ་ལ་མཁར་རྒྱུག་ཅིག་ཡོད། འདི་ཁྱེར་ཅིག” ཅེས་བུ་གཅིག་གིས་བཤད་པ་རེད། ཝུ་སི་ཡིས་མཁར་རྒྱུག་དེ་ཁྱེར་ནས་ཕྱིན་པ་རེད།
男孩们觉得很抱歉,他们不应该嘲弄福思。其中一个男孩说:“我们没办法帮你做蛋糕,但是我们这儿有一根拐杖,可以送给你姐姐。”福思带上了拐杖,继续上路。
ཁོ་རང་མུ་མཐུད་ནས་འགྲོ་དུས་ལམ་བར་ནས་མི་གཉིས་ཀྱིས་ཁང་པ་རྒྱག་བཞིན་པར་ཐུག ངེད་གཉིས་ཀྱིས་རྒྱུག་པ་མཁྲེག་པོ་དེ་བེད་སྤྱོད་བཏང་ན་འགྲིག་གི་རེད་དམ་ཅེས་ཁོང་གཉིས་ཀྱི་གཅིག་གིས་དྲིས། རྒྱུག་པ་དེ་ཁང་བ་རྒྱག་བྱེད་ཀྱི་མཁྲེག་པོ་མིན་སྟབས་ཆག་པ་རེད།
福思在路上碰到了两个造房子的工人。其中一个工人问他:“我们可以借用一下那根木棍吗?”但是木棍不是很结实,它断了。
“ཁྱེད་རང་ག་རེ་གནང་གི་ཡོད།” ཝུ་སི་ཡིས་སྐད་བརྒྱབ་ནས་བཤད། “རྒྱུག་པ་འདི་ངའི་གཅུང་མོར་རྔན་པ་ཡིན། ཤིང་ཏོག་འཐོག་མཁན་གཉིས་ཀྱིས་སྤྲི་གོར་བཟོ་བྱེད་ཀྱི་སྒོ་ང་བཅག་པའི་སྐྱིན་ཚབ་ཏུ་རྒྱུག་པ་འདི་རྔན་པར་སྤྲད་པ་རེད། སྤྲི་གོར་དེ་ངའི་གཅུང་མོའི་ཆང་སའི་ཆེད་དུ་ཡིན། ད་ནི་སྒོ་ང་མེད། སྤྲི་གོར་མེད། རྔན་པ་མེད། ངའི་གཅུང་མོས་ག་རེ་ལབ་གི་རེད།” ཅེས་བཤད།
福思哭了:“你做了什么?那根木棍是摘水果的人给我的,因为他们打碎了用来做蛋糕的鸡蛋。那个蛋糕是送给我姐姐结婚的礼物。没了鸡蛋,没了蛋糕,没了礼物,我姐姐会说什么?”
ཁང་པ་རྒྱག་མཁན་གཉིས་ཀྱིས་རྒྱུག་པ་དེ་བཅག་པའི་ཐད་དགོངས་དག་ཞུས། “ངེད་གཉིས་ཀྱིས་སྤྲི་གོར་དེ་བཟོ་བར་རོགས་ཐུབ་གི་མ་རེད། འདི་ན་ཁང་ཀླད་འགེབ་བྱེད་ཀྱི་སོག་མ་འགའ་ཡོད། འདི་ཁྱེད་ཀྱི་གཅུང་མོར་སྤྲོད་རོགས་”ཞེས་བཤད། ཝུ་སི་ཡིས་སོག་མ་ཁྱེར་ནས་མུ་མཐུད་དུ་ཕྱིན།
造房子的工人觉得很抱歉,因为他们弄断了木棍。其中一个工人说:“我们没办法帮着做蛋糕,但我这儿有一些茅草,可以送给你姐姐。”福思带上茅草,继续上路。
ལམ་བར་ནས་ཁོ་རང་ཞིང་པ་ཞིག་དང་ཁོང་གི་བ་མོ་ལ་འཕྲད་པ་རེད། “ཅི་འདྲའི་སོག་མ་ཞིམ་མདོག་ཁ་བོ་ཞིག ངས་རྩེ་བཏོག་ཙམ་ཟས་ན་འགྲིག་གི་རེད་དམ།” བ་མོས་དེ་ལྟར་དྲིས་ཤིང་། སོག་མ་དེ་ཞིམ་པོ་ཞེ་དྲག་ཡོད་སྟབས་ཚང་མ་ཟོས་པ་རེད།
在路上,福思遇到了一个农民和一头奶牛。奶牛说:“多么美味的茅草啊!我可以尝一尝吗?”但是茅草太美味了,奶牛把茅草全吃光了!
“ཁྱེད་རང་ག་རེ་གནང་གི་ཡོད།” ཝུ་སི་ཡིས་སྐད་བརྒྱབ་ནས་བཤད། “སོག་མ་དེ་ངའི་གཅུང་མོར་རྔན་པ་རེད། ཁང་བ་རྒྱག་མཁན་གཉིས་ཀྱིས་སྤྲད་པ་རེད། གང་ཡིན་ཅེ་ན་ཁོང་གཉིས་ཀྱིས་ཤིང་ཏོག་འཐོག་མཁན་གཉིས་ཀྱིས་སྤྲད་པའི་རྒྱུག་པ་དེ་བཅག་པ་རེད། ཤིང་ཏོག་འཐོག་མཁན་གཉིས་ཀྱིས་རྒྱུག་པ་དེ་སྤྲོད་དོན་ནི་ཁོང་གཉིས་ཀྱིས་སྒོ་ང་བཅག་པ་རེད། སྒོ་ང་དེ་ངའི་གཅུང་མོའི་ཆང་སའི་ཉིན་སྤྲི་གོར་བཟོ་བྱེད་རེད། ད་ནི་སྒོ་ང་མེད། སྤྲི་གོར་མེད། རྒྱུག་པ་མེད། སོག་མ་མེད། ངའི་གཅུང་མོར་ཐུག་ན་ག་རེ་ལབ་གི་རེད།”
福思哭了:“你做了什么?那些茅草是给我姐姐的礼物。造房子的工人给了我那些茅草,因为他们弄断了摘水果的人给我的木棍。摘水果的人给了我木棍,因为他们把做蛋糕的鸡蛋打破了。那个蛋糕是给我姐姐结婚的礼物。现在鸡蛋、蛋糕、礼物都没了。我的姐姐会说什么?”
བ་མོ་དེས་མོ་རང་ཧམ་པ་ཆེ་དྲགས་སོང་ཞེས་དགོངས་དག་ཞུས་པ་རེད། ཞིང་པས་ཁོང་གི་བ་མོ་དེ་ཝུ་སིས་མཉམ་དུ་ཁྲིད་དེ་ཁོ་རང་གི་གཅེན་མོར་རྔན་པ་སྤྲད་ན་འགྲིག་ཚུལ་མོས་མཐུན་བྱས་པ་རེད། ཝུ་སི་མུ་མཐུད་ནས་ཕྱིན་པ་རེད།
奶牛很抱歉,因为它太自私了。农民决定让奶牛跟着福思,作为礼物送给他姐姐。福思继续上路了。
དགོང་མོ་ཁ་ལག་གི་སྐབས་སུ་བ་མོ་དེ་ཞིང་པ་དེའི་ནང་ལ་བྲོས་ཕྱིན་པ་རེད། ཝུ་སི་ཁོ་རང་གིས་ལམ་ཁ་བརླག་པ་རེད། ཁོ་རང་གཅུང་མོའི་ཆང་སའི་ཐོག་ལ་འབྱོར་དུས་འཕྱི་བོ་ཆགས་ཡོད་ལ། མགྲོན་པོ་རྣམས་སྔར་ནས་འབྱོར་ཏེ་ཁ་ལག་བཞེས་ཀྱིན་ཡོད་པ་རེད།
但是,到了吃晚饭的时候,奶牛跑回农场了,福思也迷路了。他很晚才到姐姐的婚礼上,客人们已经在吃饭了。
“ད་ནི་ངས་ག་རེ་བྱེད་དགོས་པ་རེད།” ཝུ་སི་ཡིས་སྡུག་སྐད་བརྒྱབ་པ་རེད། “ཁང་པ་རྒྱག་མཁན་གྱིས་ང་ལ་སོག་མ་འགའ་སྤྲད་པ་ཞིང་པ་ཁོང་གི་བ་མོས་ཟོས་སྟབས། སྐྱིན་ཚབ་ལ་བ་མོ་དེ་སྤྲད་པ་ཕྱིར་བྲོས་ཚར་སོང་། ཁང་པ་རྒྱག་མཁན་གཉིས་ཀྱིས་ཤིང་ཏོག་འཐོག་མཁན་གྱིས་སྤྲད་པའི་རྒྱུག་པ་བཅག་པའི་ཚབ་ལ་སོག་མ་དེ་སྤྲད་པ་རེད། ཤིང་ཏོག་འཐོག་མཁན་གྱིས་རྒྱུག་པ་དེ་སྤྲོད་དོན་ནི་ཁོང་གཉིས་ཀྱིས་སྒོ་ང་དེ་བཅག་པ་རེད། སྒོ་ང་དེ་ནི་ངའི་གཅུང་མོའི་ཆང་སའི་སྤྲི་གོར་གྱི་ཆེད་དུ་ཡིན། ད་ནི་སྒོ་ང་མེད། སྤྲི་གོར་མེད། རྔན་པའང་མེད་པ་ཆགས་སོང་།” ཞེས་བཤད།
福思哭了:“我该怎么办?奶牛本来是农民送给我的礼物,因为奶牛吃了建筑工人给我的茅草。建筑工人给我茅草,因为他们折断了摘水果的人给我的木棍。摘水果的人给了我木棍,因为他们打破了做蛋糕的鸡蛋。那个蛋糕是给我姐姐结婚的礼物。现在,鸡蛋没了,蛋糕没了,礼物也没了。”
ཝུ་སི་ཡི་གཅུང་མོས་ཅུང་ཙམ་རིང་བསམ་བློ་བཏང་རྗེས་བཤད་རྒྱུར། “ཇོ་ཇོ་ཝུ་སི་ལགས། ང་ལ་རྔན་པ་མེད་ཀྱང་གང་ཡང་གནང་གི་མ་རེད། ང་ལ་སྤྲི་གོར་དེའང་མེད་ན་འགྲིག་གི། ང་ཚོ་ཚང་མ་འདིར་འཛོམས་ཐུབ་པ་རེད། ང་རང་དེ་ལ་ཧ་ཅང་དགའ་བོ་བྱུང་། ད་ནི་ཁྱེད་རང་དུག་ལོག་སྙིང་རྗེ་ཤོས་དེ་ཚོ་གོན་དང་། ང་རང་ཚོ་དེ་རིང་གི་ཆང་སའི་སྟོན་མོ་ལ་རོལ་ཅེས་བཤད།” དེ་ནས་ཝུ་སི་ཡིས་དུག་ལོག་ཡག་ཤོས་དག་གོན་ཏེ་སྟོན་མོ་ལ་རོལ་བ་རེད།
福思的姐姐想了一会儿,她说:“我亲爱的兄弟,我不在乎有没有礼物。我们今天聚在这里,我就很高兴了。穿上你漂亮的衣服,我们一起庆祝吧!”福思就照着她的话做了。
作者: Nina Orange
插图: Wiehan de Jager
译文: འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen
配音: པད་མ་ཆོས་སྒྲོན། Pema Choedon