བུ་ཚོས་རྐང་སྤོལ་རྩེས་ཀྱིན་པར་ལྟ་བཞིན། ཨཱཎ་ཌི་སུ་ཝ་ཡིས་མོ་རང་ཡང་ཁོང་ཚོའི་མཉམ་དུ་རྩེད་མོ་རྩེས་ཐུབ་ན་ཅི་མ་རུང་བསམ། མོས་ལུས་རྩལ་རྒན་ལགས་ལ་མོས་ཁོང་ཚོའི་མཉམ་དུ་སྦྱོང་བརྡར་བྱས་ན་འགྲིག་གི་རེད་དམ་ཅེས་དྲིས་པ་རེད།
安迪斯瓦喜欢看男孩子们踢足球,她多么希望自己也能加入他们啊!她跑去问教练,自己能不能跟男孩们一起训练。
ལུས་རྩལ་དགེ་རྒན་གྱིས་ལག་པ་གཉིས་དཔྱི་མགོར་བཙུགས་ནས། སློབ་གྲྭ་ན་རྐང་སྤོལ་ནི་བུ་ཚོས་མ་གཏོགས་བརྩེ་ཆོག་གི་ཡོད་མ་རེད་ཅེས་བཤད་པ་རེད།
教练两手叉着腰,摇了摇头说:“在这个学校,只有男孩们能踢足球。”
བུ་ཚོས་མོ་ལ། ཁྱེད་རང་དྲ་སྤོལ་རྩེ་བར་རྒྱུགས་ཅེས་ལབ་པ་མ་ཟད། བུ་མོ་ཚོའི་རྩེད་མོ་དྲ་སྤོལ་དང་བུ་ཚོའི་རྩེད་མོ་རྐང་སྤོལ་རེད་ཅེས་ལབ་པས་ཨཱཎ་ཌི་སུ་ཝ་རླུང་ལངས།
男孩们让安迪斯瓦去玩投球。他们觉得,女孩们应该玩儿投球,足球是男孩们的运动。安迪斯瓦很沮丧。
ཉིན་དེའི་རྗེས་སུ་སློབ་གྲྭར་རྐང་སྤོལ་གྱི་འགྲན་སྡུར་ཆེན་པོ་ཞིག་ཚོགས་པ་རེད། སྐབས་དེར་རྐང་སྤོལ་རུ་ཁག་གི་རྩེད་མཁན་ཡག་ཤོས་དེ་ནད་པ་ཆགས་པ་དང་། ཁོས་རྩེད་མོར་མཉམ་ཞུགས་བྱེད་ཐུབ་ཀྱི་ཡོད་མ་རེད། ལུས་རྩལ་དགེ་རྒན་གྱིས་སེམས་ཁྲལ་བྱས་པ་རེད།
第二天,学校里要举行一场盛大的足球比赛。教练有点儿担心,因为队里最棒的球员生病了,没法上场。
ཨཱཎ་ཌི་སུ་ཝ་ལུས་རྩལ་དགེ་རྒན་གྱི་རྩར་རྒྱུགས་ནས་མོ་རང་ལ་རྐང་སྤོལ་རྩེ་འཇུག་རྒྱུར་ཞུ་བ་བྱས་པ་རེད། སྐབས་དེར་ལུས་རྩལ་དགེ་རྒན་གྱིས་ཅི་བྱེད་དགོས་པ་མ་ཤེས་པ་རེད། ཡིན་ནའང་མཐའ་མར། ཨཱཎ་ཌི་སུ་ཝ་རྐང་སྤོལ་རུ་ཁག་ནང་ཞུགས་ཆོག་པར་ཐག་བཅད།
安迪斯瓦跑到教练那里,求他让自己替补上场。教练犹豫不决,最后他决定让安迪斯瓦试一试。
རུ་ཁག་གཉིས་ཀའི་རྩེད་མོ་མཁྲེགས་པོ་རྩེས་ཀྱི་ཡོད། བར་སེང་བར་དུ་སྤོ་ལོ་གཅིག་ཀྱང་བླུག་མ་ཐུབ།
比赛很激烈,半场结束后,两队都没有进球。
རྩེད་མཚམས་གཉིས་པའི་སྐབས་བུ་གཅིག་གིས་ཨཱཎ་ཌི་སུ་ཝ་ལ་སྤོ་ལོ་སྤྲད་པ་རེད། མོས་སྤོ་ལོ་མགྱོགས་པོར་ཁྲིད་ཞོར་ལ་རྡོག་རྒྱག་གཅིག་གཞུས་ནས་སྒོའི་ནང་དུ་བླུག་པ་རེད།
比赛的下半场,一个男孩把球传给安迪斯瓦,安迪斯瓦飞快地朝球门跑去,用力一踢,球进了!
ལྟད་མོ་པ་ཚོ་དགའ་ཐག་ཆོད་ནས་སྨྱོན་པ་ནང་བཞིན་ཆགས་པ་རེེད། ཉི་མ་དེ་ནས་བཟུང་བུ་མོ་ཚོ་ལ་ཡང་རྐང་སྤོལ་རྩེ་འཇུག་རྒྱུའི་འགོ་བཙུགས་པ་རེད།
人群沸腾了!从那天开始,女孩们也可以在学校踢足球了。