下载 PDF
返回故事列表

བྱ་མོ་དང་འབུ་རྐང་བརྒྱ་ལག་བརྒྱ། 鸡和千足虫

作者 Winny Asara

插图 Magriet Brink

译文 འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen

配音 པད་མ་ཆོས་སྒྲོན། Pema Choedon

语言 藏语

级别 3级

将整故事念出来

播放速度

自动念故事


བྱ་མོ་དང་འབུ་རྐང་བརྒྱ་ལག་བརྒྱ་གཉིས་ནི་གྲོགས་པོ་ཡིན། ཡིན་ནའང་ཁོང་གཉིས་ཀྱི་བར་ལ་ནམ་རྒྱུན་དུ་འགྲན་བསྡུར་ཡོད་པ་རེད། ཉི་མ་གཅིག་ལ་ཁོང་གཉིས་ཀྱིས་སུ་ལ་རྩལ་ཡོད་པ་ཤེས་ཆེད་དུ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱ་རྒྱུ་ཐག་བཅད་པ་རེད།

鸡和千足虫是好朋友,但是它们又互相竞争。有一天,它们决定进行一场足球比赛,看看谁是最棒的球员。


ཁོང་གཉིས་རྐང་སྤོལ་རྩེད་ཐང་དུ་ཕྱིན་ཏེ་འགྲན་བསྡུར་དངོས་སུ་མགོ་བཙུགས་པ་རེད། བྱ་མོ་མགྱོགས་པོ་ཡོད་ལ། འབུ་རྐང་བརྒྱ་ལག་བརྒྱ་ནི་དེ་ལས་ཀྱང་མགྱོགས་པོ་ཡོད་པ་རེད། བྱ་མོས་རྐང་སྤོལ་ཐག་རིང་དུ་འཕེན་ཐུབ་ལ། འབུ་རྐང་བརྒྱ་ལག་བརྒྱས་དེ་ལས་ཀྱང་ཐག་རིང་པོར་འཕེན་ཐུབ་ཀྱི་ཡོད་པ་རེད། དེར་བརྟེན་བྱ་མོ་ཅུང་མ་དགའ་བར་གྱུར་བ་རེད།

它们去了球场,开始比赛。鸡跑得飞快,但是千足虫跑得更快。鸡把球踢得很远,但是千足虫踢得更远。鸡开始有点闷闷不乐。


དེ་ནས་ཁོང་གཉིས་ཀྱིས་ཐིག་དྲའི་སྒོ་འགྲམ་ནས་ཉེས་ཆད་རྡོག་འཕུལ་གྱི་འགྲན་བསྡུར་བྱས་པ་རེད། ཐོག་མར་འབུ་རྐང་བརྒྱ་ལག་བརྒྱ་སྒོ་སྲུང་ཡིན་ལ། བྱ་མོས་ཉེས་ཆད་རྡོག་འཕུལ་གཞུས་ཤིང་། མོ་རང་གིས་སྤོ་ལོ་ཐེངས་གཅིག་ལ་ནང་དུ་ལྡུག་ཐུབ་པ་རེད། དེའི་རྗེས་ནས་བྱ་མོ་ལ་སྒོ་སྲུང་གི་ཁ་རེས་འཁོར་བ་རེད།

最后,它们决定来一场点球大战。第一轮中,千足虫当守门员,鸡只拿到了一分。然后,在第二轮中,鸡做守门员。


འབུ་རྐང་བརྒྱ་ལག་བརྒྱ་ཡིས་རྡོག་རྒྱག་གཅིག་གཞུས་ནས་སྐར་གྲངས་གཅིག་བླངས་པ་རེད། དེ་ནས་སྤོ་ལོ་རྐང་པས་འཕུལ་འདེད་བྱས་ནས་སླང་ཡང་ནང་དུ་བླུགས་ཏེ་སྐར་གྲངས་གཅིག་ཐོབ་པ་རེད། དེ་རྗེས་སྤོ་ལོ་མགོ་ཡིས་གཞུས་ཏེ་ཡང་བསྐྱར་སྐར་གྲངས་བླངས་པ་རེད། དེ་ལྟར་འབུ་རྐང་བརྒྱ་ལག་བརྒྱ་ཡིས་ཁྱོན་སྡོམ་སྐར་གྲངས་ལྔ་བླངས་པ་རེད།

千足虫猛地一踢,球进了。千足虫运球飞快,又进了一球。千足虫跳起来,打了个头球,又得了一分。千足虫一共得了五分。


བྱ་མོ་ནི་མོ་རང་ཤོར་བའི་དབང་གིས་ཁོང་ཁྲོ་ཆེན་པོ་ལངས་པ་རེད། མོ་རང་སྡུག་ཅག་ཞེ་དྲག་ཤོར་བ་རེད། འབུ་རྐང་བརྒྱ་ལག་བརྒྱ་ནི་རང་གི་གྲོགས་མོའི་སྤྱོད་པ་དེར་བལྟས་ནས་གད་མོ་དེ་ལས་མང་བ་ཤོར་བ་རེད།

鸡输了,它很生气。千足虫哈哈大笑,因为它的朋友输了球,就无理取闹。


བྱ་མོ་དེ་ཁོང་ཁྲོས་མ་བཟོད་པར་མཆུ་ཏོ་ཆེན་པོར་གདང་སྟེ་འབུ་རྐང་བརྒྱ་ལག་བརྒྱ་དེ་ཟོས་ནས་མིད་པ་རེད།

鸡生气极了,它张开嘴,一口把千足虫吞了下去。


བྱ་མོ་དེ་ཕྱིར་རང་གི་ཁྱིམ་ལ་ལོག་སྐབས་ལམ་བར་ནས་འབུ་རྐང་བརྒྱ་ལག་བརྒྱའི་ཨ་མ་ལ་ཐུག་པ་རེད། འབུ་རྐང་བརྒྱ་ལག་བརྒྱའི་ཨ་མས་བྱ་མོ་ལ། ངའི་ཕྲུ་གུ་མཐོང་བྱུང་ངམ་ཞེས་དྲིས་པར་བྱ་མོས་ལན་མ་སྤྲད་པར་ཕྱིན་པ་རེད། དེའི་རྐྱེན་གྱིས་འབུ་རྐང་བརྒྱ་ལག་བརྒྱའི་ཨ་མ་སེམས་ཁྲལ་ལངས་མགོ་ཚུགས་པ་རེད།

鸡回家的路上,遇到了千足虫妈妈。千足虫妈妈问它:“你看见我的孩子了吗?”鸡什么都没说,千足虫妈妈很担心。


འབུ་རྐང་བརྒྱ་ལག་བརྒྱའི་ཨ་མས་སྐད་ཆུང་ཆུང་ཞིག་ཐོས་པ་རེད། “ཨ་མ་ལགས། ང་སྐྱོབས་རོགས།” སྐད་གདངས་དེ་ཅིག་གི་ཁོག་ནས་གྲགས་པ་རེད། འབུ་རྐང་བརྒྱ་ལག་བརྒྱའི་ཨ་མས་གཡས་གཡོན་གང་སར་ཞིབ་ལྟ་བྱེད་ཞོར་ཡག་པོར་ཉན་པ་རེད། སྐད་ཆུང་ཆུང་དེ་བྱ་མོ་དེའི་ཁོག་པའི་ནང་ནས་གྲག་ཡོང་གི་ཡོད་པ་རེད།

千足虫妈妈突然听到了一阵微弱的声音:“快帮我,妈妈!”千足虫妈妈看了看周围,仔细地听着,声音是从鸡身体里传出来的。


འབུ་རྐང་བརྒྱ་ལག་བརྒྱའི་ཨ་མས་སྐད་བརྒྱབ་སྟེ། “བུ། ཁྱོད་རང་གི་ནུས་པ་དམིགས་བསལ་བ་དེ་བེད་སྤྱོད་གཏོང་རོགས།” ཞེས་བཤད་པ་རེད། འབུ་རྐང་བརྒྱ་ལག་བརྒྱ་ཡིས་དྲི་མ་ཚ་བོ་དང་བྲོ་བ་སྡུག་ཅག་འདོན་ཤེས་ཀྱི་ཡོད་པ་རེད། བྱ་མོ་དེ་ཞེ་མེར་ལངས་ཤིང་གྲོད་ཁོག་ན་མགོ་ཚུགས་པ་རེད།

千足虫妈妈大喊道:“快用你神奇的能力!”千足虫会产生一种很难闻的味道,会让鸡觉得很恶心。


བྱ་མོས་སྒྲེགས་པ་བྱས་ཤིང་། མོས་སྒྲེགས་སྐྱུགས་ཕྱིར་མིད་པ་དང་མཆི་མ་སར་གཡུག་པ་རེད། དེ་ནས་མོས་སྣ་སྦྲིད་དང་གློ་ལུ་བརྒྱབ་པ་རེད། གློ་ལུ་མང་པོ་བརྒྱབ་པ་རེད། འབུ་རྐང་བརྒྱ་ལག་བརྒྱ་ནི་སྐྱུག་མེར་ལངས་པ་ཞིག་ཡོད་པ་རེད།

鸡打了一个嗝,咕噜咕噜要吐了,又是打喷嚏又是咳嗽。千足虫太恶心了!


བྱ་མོ་མུ་མཐུད་ནས་གློ་ལུ་བརྒྱབ་པ་རེད། མཐར་གློ་ལུ་བརྒྱབ་སྟེ་མོ་རང་གི་གྲོད་ཁོག་ནང་གི་འབུ་རྐང་བརྒྱ་ལག་བརྒྱ་ཁ་ནང་ནས་ཕྱིར་ཐོན་པ་རེད། འབུ་རྐང་བརྒྱ་ལག་བརྒྱ་དང་ཁོའི་ཨ་མ་གཉིས་གོག་ནས་ཤིང་སྡོང་ཞིག་གི་སྟེང་འཛེག་སྟེ་ཡིབ་པ་རེད།

鸡不停地咳嗽,直到把千足虫从胃里咳了出来。千足虫妈妈和孩子赶紧爬上树,藏了起来。


དུས་དེ་ནས་བཟུང་། བྱ་མོ་དང་འབུ་རྐང་བརྒྱ་ལག་བརྒྱ་གཉིས་ནི་དགྲ་བོ་ཆགས་པ་རེད།

从此以后,鸡和千足虫就变成了敌人。


作者: Winny Asara
插图: Magriet Brink
译文: འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen
配音: པད་མ་ཆོས་སྒྲོན། Pema Choedon
语言: 藏语
级别: 3级
出处: 原文来自非洲故事书Chicken and Millipede
共享创意授权条款
本着作系采用共享创意 署名 3.0 未本地化版本授权条款授权。
选项
返回故事列表 下载 PDF