ཉིན་ཞིག རི་བོང་ཞིག་གཙང་ཆུའི་འགྲམ་ན་འགྲོ་གི་ཡོད་རེད།
有一天,兔子在河边散步。
མཚོ་ཕག་ཡང་ས་དེ་ན་ཡོད་ལ། ཁོས་ཀྱང་རྩྭ་ཟ་ཞོར་དུ་འཆམ་འཆམ་ལ་འགྲོ་གི་ཡོད་རེད།
河马也在那儿,一边闲逛,一边找些美味的野草来吃。
མཚོ་ཕག་གིས་རི་བོང་དེ་ན་ཡོད་པ་མ་མཐོང། མཚོ་ཕག་གི་རི་བོང་ལ་རྡོག་རྫིས་ཤོར་སྐབས་རི་བོང་གིས་སྐད་ངར་ཆེན་པོས། མཚོ་ཕག ཁྱོད་ཀྱིས་ང་ལ་རྡོག་རྫིས་གཏོང་གི་ཡོད་པ་མཐོང་གི་མི་འདུག་གམ་ཅེས་བཤད་པ་རེད།
河马没有看见兔子,她不小心踩到了兔子的脚。兔子尖叫了一声,朝着河马大喊:“该死的河马!没看到你踩到我的脚了吗?”
མཚོ་ཕག་གིས་རི་བོང་ལ། དགོངས་དག ངས་ཁྱེད་རང་མཐོང་མ་སོང་། ང་ལ་ཁོང་ཁྲོ་མ་ཟ་རོགས་གནང་ཞེས་བཤད། ཡིན་ན་ཡང་། རི་བོང་གིས་མ་ཉན་པར་ཆུ་ཕག་ལ་སྐད་ཆེན་པོས། ཁྱོད་ཀྱིས་རྐང་བཙུགས་ནས་དེ་ལྟར་བྱས་པ་རེད། ཉི་མ་གཅིག་ཁྱོད་རང་གིས་ཧ་གོ་གི་རེད། ངས་སྐྱིན་པ་ལེན་རྒྱུ་ཡིན་ཞེས་ལབ་པ་རེད།
河马赶紧给兔子道歉:“真不好意思,我的朋友!我没看见你!请原谅我!”兔子哪里会听河马的解释,他气极了,朝着河马大吼:“你肯定是故意的!总有一天你会受到惩罚!”
རི་བོང་གིས་མེ་བཙལ་ནས། མཚོ་ཕག་གིས་ང་ལ་རྡོག་རྫིས་བཏང་བྱུང་། དེའི་རྐྱེན་གྱིས་ཁོ་རང་ཆུའི་ནང་ནས་རྩྭ་ཟ་བར་ཚུར་ཡོང་སྐབས་བསྲེག་ཤོག་ཅེས་བཤད། དེ་ལ་མེ་ཡིས། གྲོགས་པོ་རི་བོང་། སེམས་ཁྲལ་མ་བྱེད། ཁྱོད་རང་གི་རེ་བ་ལྟར་བྱེད་ཆོག་ཅེས་ལན་བཏབ།
兔子找到了火,他对火说:“趁河马从水里出来吃草的时候,朝她放一把火。她竟敢踩我的脚。”火回答说:“没问题,我的朋友!我这就按你说的做。”
རྗེས་སུ། མཚོ་ཕག་གིས་ཆུ་ཁ་ནས་ཐག་རིང་ས་ཞིག་ཏུ་རྩྭ་ཟ་བཞིན་སྡོད་པའི་སྐབས། མེ་འབར་ནས་མཚོ་པག་གི་ལུས་ཀྱི་སྤུ་འཚིག་འགོ་བརྩམས།
过了一会儿,河马正在离河岸很远的地方吃草。呼的一声,火突然烧起来了,烧到了河马的身上。
མཚོ་ཕག་ངུ་བཞིན་ཆུ་ཁར་རྒྱུག་ནས་སོང་། ཁོའི་ལུས་ཀྱི་སྤུ་ཚང་མ་མེ་ཡིས་ཚིག་པ་རེད། མུ་མཐུད་ནས་ངུ་ཞོར་འདི་ལྟར་ལབ། ངའི་སྤུ་མེ་ཡིས་ཚིག་སོང་། ངའི་སྤུ་འཇམ་པོ་དེ་ཚོ་མེད་པ་ཆགས་སོང་ཞེས་ངུས་པ་རེད།
河马尖叫着,赶紧跑向河边,但是她的毛发已经全部烧毁了。河马伤心地说:“我的毛都被火烧掉了!你烧了我的毛!它们全都不见了!我美丽的毛!”
མཚོ་ཕག་གི་ལུས་པོའི་སྤུ་ཚིག་པས་རི་བོང་སེམས་པ་དགའ་བ་རེད། འདི་འདྲ་བྱུང་པའི་དབང་གིས་དུས་ད་ལྟ་ཡིན་ན་ཡང་མཚོ་ཕག་ཆུ་ཁ་ནས་ཐག་རིང་སར་རྩ་བ་ནས་འགྲོ་ནུས་ཀྱི་མེད།
兔子终于报了仇,他高兴坏了;直到现在,河马也不敢离河岸太远,因为她害怕又要被火烧。