ངའི་འོག་མ་བུ་ཆུང་ཆུང་ཞོགས་པ་འཕྱི་པོ་ཡར་ལངས་གི་ཡོད་ལ། ང་ནི་སྔ་པོ་ཡར་ལངས་གི་ཡོད། གང་ཡིན་ཟེར་ན་ང་ཡག་པོ་ཡོད།
我弟弟睡过头了。我很早起床,因为我很棒!
སྒེའུ་ཁུང་ཕྱེ་ནས་ནང་ལ་ཉི་འོད་ཤར་འཇུག་མཁན་དེ་ང་ཡིན།
是我让阳光透进来。
ཨ་མས། ཁྱེད་རང་ངའི་ཞོགས་ཁའི་སྐར་མ་རེད་ཅེས་ཟེར་གི་ཡོད་རེད།
妈妈说:“你是我的晨星”。
ངས་ཁྲུས་རྒྱག་སྐབས་རོགས་པ་བྱེད་མཁན་སུ་ཡང་དགོས་ཀྱི་མེད།
我自己洗澡。我不需要帮忙。
ཆུ་གྲང་མོ་དང་ཡི་ཙི་སྔོན་པོ་དྲི་མ་ཅན་ཡིན་ནའང་ང་ལ་སྐྱོན་མི་འདུག
冷冷的水和臭臭的蓝色肥皂对我来说不算大事。
ཨ་མས། སོ་བཀྲུ་རྒྱུ་མ་བརྗེད་ཨ་ཞེས་གསུངས་སྐབས་ངས། ངས་དེ་རྩ་ནས་བརྗེད་ཀྱི་མ་རེད་ཅེས་ལན་རྒྱག་གི་ཡོད།
妈妈提醒我:“别忘了刷牙。”我回答:“怎么可能,我不会忘记的!”
ཁྲུས་བརྒྱབ་ཚར་རྗེས། ངས་པོ་པོ་ལགས་དང་ཨ་ནེ་ལགས་གཉིས་ལ་འཚམས་འདྲི་ཞུ་གི་ཡོད།
洗好了以后,我跟爷爷和姑妈打个招呼,向他们问好。
དེ་ནས་ང་རང་གིས་དུག་ལོག་གྱོན་རྗེས། ཨ་མ་ལགས། ང་བུ་མོ་ཆེན་པོ་ཡིན་ཞེས་ལབ་ཀྱི་ཡོད།
然后我自己穿好衣服。“妈,我已经长大了!”
ཐེབ་ཅུ་རྒྱག་རྒྱུ་དང་འཇུར་སྒྲོག་སྡོམ་རྒྱུ་སོགས་ང་རང་གིས་བྱེད་ཐུབ་ཀྱི་ཡོད།
我会自己扣好衣扣和鞋子。
ནུ་བོ་ཆུང་ཆུང་གིས་སློབ་གྲྭའི་གནས་ཚུལ་ཆ་ཚང་ཤེས་པར་ངས་ཁོང་ལ་རོགས་པ་བྱེད་ཀྱི་ཡོད།
在上学的路上我跟弟弟说学校的所有消息。
འཛིན་གྲྭའི་ནང་ལ་ངས་གང་ཅིའི་ཐད་ལ་ཧུར་ཐག་བྱེད་ཀྱི་ཡོད།
上课的时候我认真学习。
ངས་ཉིན་ལྟར་བྱ་དགོས་རྣམས་འདི་ལྟར་ལེགས་པོར་བྱེད་ཀྱི་ཡོད། ཡིན་ན་ཡང་ང་རང་དགའ་ཤོས་དེ་ནི་རྩེད་མོ་རྩེ་རྒྱུ་དེ་ཡིན།
我每天做这几件好事。可是我最喜欢做的是玩玩玩!