འདི་ཀཱ་ལཱ་ཡི་དང་མོ་ལོ་བདུན་རེད། མོ་རང་གི་ཡུལ་སྐད་ལཱོ་བྷུ་ཀུ་སུ་ཞེས་པ་དེའི་ནང་ཀཱ་ལཱ་ཡིའི་ནང་དོན་ནི་བཟང་མོ་ཡིན།
这是卡莱。她今年七岁。在肯尼亚当地方言里,这个名字是“美好事物”的意思。
ཀཱ་ལཱ་ཡི་ཡར་ལངས་ནས་ཚ་ལུ་མའི་སྡོང་པོ་ལ། སྐུ་མཁྱེན་ཚ་ལུ་མའི་སྡོང་པོ། ཡར་ཆེན་པོར་སྐྱེས་རྗེས་ང་ཚོར་ཚ་ལུ་མ་སྨིན་པ་མང་པོ་གནང་རོགས་ཞེས་ལབ་པ་རེད།
卡莱早上醒来,跟橙子树说:“橙子树啊橙子树,快点长大吧,给我们结好多又大又甜的橙子!”
ཀཱ་ལཱ་ཡི་སློབ་གྲྭར་གོམ་པ་རྒྱབ་ནས་འགྲོ་གི་ཡོད་རེད། མོ་རང་འགྲོ་ཞོར་ལ་ལམ་གྱི་རྩྭར། སྐུ་མཁྱེན། རྩྭ་ལགས། ལྗང་མདོག་ཅན་ཞིག་ཏུ་སྐྱེས་ཏེ་མ་སྐམ་པར་བྱེད་རོགས་ཞེས་ལབ་པ་རེད།
在卡莱走路去上学的路上,她对草地说:“草地啊草地,你一定要长得绿油油的,别干枯了。”
ཀཱ་ལཱ་ཡི་མེ་ཏོག་གི་འགྲམ་ནས་འགྲོ་ཞོར་ལ། མེ་ཏོག་ལགས། ཡག་པོར་བཞད་རོགས། དེ་ལྟར་བཞད་པ་ཡིན་ན་ཁྱེད་རང་ངའི་སྐྲ་གསེང་དུ་འཛུགས་ཆོག་གི་རེད་ཅེས་ལབ་པ་རེད།
卡莱路过了野花,她对野花说:“野花啊野花,你们尽情地开放吧,这样我可以把你们夹在我的头发里。”
སློབ་གྲྭའི་ར་སྐོར་དཀྱིལ་གྱི་སྡོང་པོ་དེར་ཡང་ཀཱ་ལཱེ་ཡིས། སྐུ་མཁྱེན་སྡོང་པོ། ཡལ་ག་ཆེན་པོ་སྐྱེས་ཤིག དེ་ལྟར་བྱུང་ན་ཁྱེད་ཀྱི་གྲིབ་མའི་འོག་ནས་ང་ཚོས་དེབ་ཀློག་ནས་བསྡད་ཐུབ་གི་རེད་ཅེས་ལབ་པ་རེད།
在学校,卡莱对操场中间的树说:“小树啊小树,快点长出枝叶吧,这样我们就可以在树荫里读书了。”
སློབ་གྲྭའི་ཉེ་འདབས་ཀྱི་ཤིང་ཕྲན་ར་བར་ཀཱ་ལཱེ་ཡིས། མཁྲེགས་པོར་སྐྱེ་སྟེ་མི་ངན་པ་ཚོ་འདིའི་ནང་ལ་འཛུལ་མ་འཇུག་ཅེས་ལབ་པ་རེད།
卡莱还对学校附近的灌木丛说:“灌木啊灌木,你们一定要长得壮壮的,这样坏人就进不了学校了。”
ཀཱ་ལཱ་ཡི་སློབ་གྲྭ་ནས་ཁྱིམ་དུ་ཕྱིར་ལོག་སྐབས་མོ་རང་ཚ་ལུ་མའི་སྡོང་པོའི་ཉེ་འགྲམ་དུ་ཕྱིན་ནས། ཁྱེད་རང་གི་ཚ་ལུ་མ་དེ་ཚོ་སྨིན་ཡོད་དམ་ཞེས་འདྲི་གི་ཡོད།
当卡莱从学校回到家里,她又去看了看橙子树,问它:“你结橙子了吗?”
ཀཱ་ལཱེ་ཡི་ཡིས་དབུགས་རིང་ཞིག་གཏོང་བཞིན། ཚ་ལུ་མ་འདི་ཚོ་ད་དུང་ལྗང་ཁུ་རེད་འདུག་ཅེས་ལབ་པ་དང། སང་ཉིན་མཇལ་ཡོང་། དེ་དུས་ཁྱེད་རང་ཕལ་ཆེར་ངའི་ཆེད་དུ་སྨིན་ཡོད་ཀྱི་རེད་ཅེས་བཤད།
卡莱叹了一口气:“橙子还是绿色的,我明天再来看看你吧!或许到了明天你就会给我一只又大又甜的橙子了。”