返回故事列表
སིམ་བྷེག་ཝི་རེ་གྱི་ཨ་མ་གྲོངས་དུས་མོ་རང་སེམས་པ་ཧ་ཅང་སྡུག་པ་རེད། ཡིན་ནའང་། སིམ་བྷེག་ཝི་རེ་གྱི་ཨ་ཕས་མོ་ལ་གང་ཐུབ་ཐུབ་ཀྱི་གཅེས་སྐྱོང་ཡག་པོ་བྱས་ཤིང་། སིམ་བྷེག་ཝི་རེ་གྱི་ཨ་མ་མེད་པ་ཡིན་ནའང་། ག་ལེར་ཁོང་གཉིས་ཀྱིས་ག་ལེར་མི་ཚེ་སྐྱིད་པོ་ཞིག་སླར་ཡང་རོལ་མགོ་བཙུགས་པ་རེད། ཐ་ན་ཞོགས་པ་སྔ་པོའང་ཁོང་གཉིས་མཉམ་དུ་བསྡད་དེ་ཡོང་བཞིན་པའི་ཉིན་མོ་དེའི་སྐོར་ལ་ཁ་བརྡ་བྱེད་པ་དང་། མཚན་མོ་རྟག་པར་ཁོང་གཉིས་ཀྱིས་མཉམ་དུ་ཁ་ལག་བཟོ་གི་ཡོད་པ་རེད། ཁོང་གཉིས་ཀྱིས་མཉམ་དུ་སྣོད་ཆས་ཚང་མ་བཀྲུས་ཚར་རྗེས། སིམ་བྷེག་ཝི་རེ་གྱི་ཨ་ཕས་མོ་ལ་ནང་སྦྱོང་འབྲི་ཀློག་གི་ཐོག་ལ་རོགས་པ་བྱེད་ཀྱི་ཡོད།
辛波薇亚的妈妈过世的时候,她非常伤心。辛波薇亚的爸爸尽全力照顾孩子。时间久了,他们渐渐开心起来,习惯了没有辛波薇亚妈妈的生活。每天早上,他们坐在一起,谈论着即将到来的一天。每天晚上,他们一起做饭,然后一起洗碗,辛波薇亚的爸爸还帮助她做功课。
ཉིན་གཅིག་ལ། སིམ་བྷེག་ཝི་རེ་གྱི་ཨ་ཕ་ནམ་རྒྱུན་ལས་འཕྱི་ཙམ་བྱས་ནས་ནང་ལ་ལོག་ཡོང་བ་རེད། “ངའི་བུ་མོ་གང་ན་ཡོད།” ཨ་ཕས་སྐད་བརྒྱབ་ནས་བོས་ཤིང་། སིམ་བྷེག་ཝི་རེ་ཨ་ཕའི་མདུན་ལ་རྒྱུག་ནས་ཕྱིན་པ་རེད། ཡིན་ནའང་། ཨ་ཕའི་ལག་མགོར་བུད་མེད་གཞན་ཞིག་གི་ལག་པ་འཇུས་ནས་ཡོང་བ་མཐོང་མ་ཐག་སིམ་བྷེག་ཝི་རེ་ཧོན་འཐོར་ནས་ལངས་བསྡད་པ་རེད། “ངའི་བུ་མོ། ངས་ཁྱེད་རང་མི་དམིགས་བསལ་བ་ཞིག་ལ་ངོ་སྤྲོད་བྱེད། འདི་ནི་ཨ་ནི་ཊ་རེད།” ཅེས་ཨ་ཕས་མོ་ལ་བཤད་བཞིན་གདོང་ལ་འཛུམ་ལངས་པ་རེད།
有一天,辛波薇亚的爸爸回家晚了。他一进门就喊道:“亲爱的孩子,你在哪里?”辛波薇亚跑出来迎接爸爸。但她突然停住了,因为她看到爸爸牵着另外一个女人的手。爸爸笑着说:“我的孩子,来,我向你介绍一个很特别的人,她叫阿妮塔。”
“སིམ་བྷེག་ཝི་རེ། ཁྱོད་ཀྱི་ཨ་ཕས་ང་ལ་ཁྱོད་ཀྱི་སྐོར་མང་པོ་བཤད་བྱུང་།” ཞེས་ཨ་ནི་ཊ་ཡིས་བཤད། ཡིན་ནའང་མོ་རང་གད་མོ་བགད་མ་སོང་ལ། སིམ་བྷེག་ཝི་རེ་གྱི་ལག་པ་ནས་ཀྱང་མ་འཇུས་པ་རེད། སིམ་བྷེག་ཝི་རེ་གྱི་ཨ་ཕ་ནི་དགའ་ཞིང་སྐྱིད་སྣང་གིས་ཁེངས་ཡོད་ཅིང་། ཁོང་གིས་ཁོ་ཚོ་གསུམ་མཉམ་དུ་འདུག་དགོས་པའི་སྐོར་དང་། རྗེས་ཕྱོགས་མི་ཚེ་སྐྱིད་པོ་ཡོང་བའི་སྐོར་སོགས་བཤད་པ་རེད། ཨ་ཕས་སིམ་བྷེར་ཝར་ལ། “ངའི་བུ་མོ། ཁྱེད་ཀྱིས་ཨ་ནི་ཊ་སོ་སོའི་ཨ་མ་རང་ཡིན་པར་ངོས་ལེན་བྱེད་པའི་རེ་བ་ཡོད།” ཅེས་བཤད།
阿妮塔跟辛波薇亚打招呼:“你好,辛波薇亚!你的爸爸跟我说了很多关于你的事。”她没有朝辛波薇亚微笑,也没有牵她的手。辛波薇亚的爸爸很高兴,他兴奋地说着,如果他们三个人住在一起,一定会很幸福的。爸爸朝辛波薇亚说:“我的孩子,我希望你能接受阿妮塔成为你的母亲。”
སིམ་བྷེག་ཝི་རེ་གྱི་མི་ཚེ་ལ་འགྱུར་ལྡོག་བྱུང་བ་རེད། མོ་རང་ཞོགས་པ་སྔ་པོ་ཨ་ཕ་མཉམ་དུ་སྡོད་པའི་དུས་ཚོད་ཀྱང་ད་ནི་མེད་ལ། ཨ་ནི་ཊ་ཡིས་མོ་ལ་ཁྱིམ་ཚང་གི་ལས་ཀ་མང་པོ་སྤྲད་སྟབས་མོ་རང་ཐང་ཆད་དེ་དགོང་མོ་ནང་སྦྱོང་ཀྱང་སྒྲུབ་ཐུབ་ཀྱི་ཡོད་པ་མ་རེད། དགོང་མོ་ཁ་ལག་ཟོས་ཚར་པ་དང་མོ་རང་ཐད་ཀར་ཉལ་སའི་ནང་ལ་འགྲོ་གི་ཡོད་པ་དང་། མོ་རང་སྐྱིད་པོ་ཡོང་ས་གཅིག་པོ་ནི་མོ་རང་གི་ཨ་མས་སྤྲད་པའི་ཉལ་ཆས་དེ་གཅིག་པོ་ཡིན། སིམ་བྷེག་ཝི་རེ་གྱི་ཨ་ཕས་ཁོ་རང་གི་བུ་མོ་སྐྱིད་པོ་ཡོང་གི་མེད་པའང་ཚོར་ཐུབ་ཀྱི་ཡོད་པ་མ་རེད།
辛波薇亚的生活变了。她每天早上没有时间和爸爸坐在一起聊天。阿妮塔让辛波薇亚做很多家务,辛波薇亚每天晚上都累极了,根本没有时间做功课。她一吃完晚饭就睡觉了。她唯一的安慰就是妈妈留给她的彩色毯子。辛波薇亚的爸爸似乎没有意识到女儿一点儿也不开心。
ཟླ་བ་འགའ་ཤས་ཀྱི་རྗེས་ལ། སིམ་བྷེག་ཝི་རེ་གྱི་ཨ་ཕས་ཁོ་རང་སྐབས་ཤིག་རིང་ཕྱི་ལ་འགྲོ་དགོས་ཆགས་སོང་ཞེས་བཤད། ལས་ཀའི་ཆེད་དུ་ང་ས་ཆ་ཐག་རིང་ཞིག་ལ་འགྲོ་དགོས་བྱུང་ཞེས་དང་། ཁྱེད་གཉིས་ཀྱིས་ཕན་ཚུན་གཅིག་གིས་གཅིག་ལ་ལྟ་རྟོག་ཡག་པོ་བྱེད་པ་ངས་ཤེས་ཀྱི་ཡོད་ཅེས་བཤད། སིམ་བྷེག་ཝི་རེ་གྱི་ངོ་གདོང་ཤོར་བ་རེད། ཡིན་ནའང་མོ་རང་གི་ཨ་ཕས་དེ་ཚོར་གྱི་ཡོད་པ་མ་རེད། ཨ་ནི་ཊ་ཡིས་གང་ཡང་བཤད་ཡོད་པ་མ་རེད། ཡིན་ནའང་། ཨ་ནི་ཊ་མོ་རང་ཡང་སྐྱིད་པོ་མེད་པ་རེད།
过了几个月,辛波薇亚的爸爸告诉她们,他要离家一段时间。他说:“我得出差,我相信你们会互相照顾对方的。”辛波薇亚低下头,但她的爸爸没有注意。阿妮塔什么也没说,她也不太高兴。
སིམ་བྷེག་ཝི་རེ་གྱི་མི་ཚེ་སྡུག་ཏུ་ཕྱིན་པ་རེད། མོས་ཁྱིམ་ཚང་གི་ལས་ཀ་མ་ཚར་བའམ། ཡང་ན། ཕྱིར་བསམ་འཆར་བཤད་པ་ཡིན་ན་ཨ་ནི་ཊ་ཡིས་མོ་ལ་རྡུང་གི་ཡོད་ལ། དགོང་མོ། བུད་མེད་དེས་ཁ་ལག་མང་ཆེ་ཤོས་ཟ་གིན་ཡོད་ཅིང་། སིམ་བྷེག་ཝི་རེ་ལ་ཟས་ལྷག་ཅུང་ཙམ་རེ་སྤྲོད་ཀྱི་ཡོད་པ་རེད། མཚན་མོ་རྟག་པར་སིམ་བྷེག་ཝི་རེ་གཅིག་པོ་ངུ་བཞིན་ཡོད་ལ། མོ་རང་གི་ཨ་མས་སྤྲད་པའི་ཉལ་ཆས་ལ་འཐམ་ནས་ངུ་གིན་ཡོད་པ་རེད།
辛波薇亚的生活变得更糟糕了。如果辛波薇亚没有做完家务,或者她稍微有点抱怨的话,阿妮塔就会打她。晚上,阿妮塔把大多数食物都吃了,只留给辛波薇亚一点剩饭剩菜。每天晚上,辛波薇亚都流着泪入睡,她只能紧紧地抱着妈妈留下的毯子。
ཞོགས་པ་ཞིག་ལ། སིམ་བྷེག་ཝི་རེ་ཡར་ལངས་པར་འཕྱི་བོ་ཆགས་པ་རེད། “བུ་མོ་ལེ་ལོ་ཅན།” ཟེར་ཞོར་ཨ་ནི་ཊ་ཡིས་སྐད་བརྒྱབ་ཅིང་། མོས་སིམ་བྷེག་ཝི་རེ་ཉལ་སའི་ནང་ནས་མར་དྲུད་ནས་ལངས་བཅུག་པ་དང་། སྐབས་དེར་ཉལ་ཆས་རྩ་ཆེ་ཤོས་དེ་འཛེར་མ་ཞིག་ལ་འཐོག་ནས་གས་མ་གཉིས་སུ་རལ་བ་རེད།
一天早上,辛波薇亚起床晚了。阿妮塔气极了:“你这个懒虫!”她把辛波薇亚从床上拉起来。毯子勾到一颗钉子,撕成了两半。
སིམ་བྷེག་ཝི་རེ་ཁོང་ཁྲོ་ཧ་ཅང་ལངས་པ་དང་། མོ་རང་ནང་ནས་ཐག་རིང་ལ་བྲོས་འགྲོ་བར་ཐག་བཅད་པ་རེད། མོས་ཨ་མའི་ཉལ་ཆས་ཀྱི་དུམ་བུ་གཉིས་ཀ་དང་། ཟ་མ་འགའ་སྒྲ་སྒྲིག་བྱས་རྗེས་ཁྱིམ་ནས་ཕྱིར་ཐོན་པ་དང་། མོ་རང་གི་ཨ་ཕ་ཕྱིན་སའི་ལམ་ཁ་དེ་དེད་ནས་ཕྱིན་པ་རེད།
辛波薇亚伤心透了,她决定离家出走。她带着毯子的碎片,包了一些食物,沿着爸爸出差的路离开了家里。
དགོང་མོ་ས་རུབ་སྐབས། མོ་རང་གཙང་བོའི་འགྲམ་གྱི་ཤིང་སྡོང་རིང་པོ་ཞིག་གི་སྟེང་ལ་འཛེགས་ཤིང་། ཤིང་སྡོང་གི་ཡལ་གའི་བར་ནས་མོ་རང་ལ་ཉལ་ས་བཟོས་པ་རེད། མོ་རང་གཉིད་ལ་ཡུར་བའི་སྐབས་སུ་གཞས་བཏང་། “ཨ་མ་ལགས། ཨ་མ་ལགས། ཨ་མ་ལགས། ཁྱེད་ཀྱིས་ང་སྐྱུར་བ་རེད། ང་སྐྱུར་ནས་ནམ་ཡང་ཕྱིར་མ་ལོག་པ་རེད། ཨ་ཕས་ང་ལ་སྔར་བཞིན་དགའ་བོ་བྱེད་ཀྱི་མི་འདུག ཨ་མ་ལགས། ཁྱེད་རང་ག་དུས་ཕྱིར་ཕེབས་གི་ཡིན། ཁྱེད་ཀྱིས་ང་སྐྱུར་བ་རེད།” མོས་དེ་ལྟར་གཞས་གཏོང་བཞིན་གཉིད་ལ་ཤོར་བ་རེད།
天黑了,辛波薇亚找到一棵长在小溪旁边的树。她爬上了树,在树枝上搭了一张小床。她唱着歌,渐渐睡着了:“妈妈,妈妈,妈妈,你离开了我,离开了我再也不回来了。爸爸再也不爱我了。妈妈,你什么时候回来,你离开了我……”
ཕྱི་ཉིན་ཞོགས་པར་སིམ་བྷེག་ཝི་རེ་གྱིས་སླར་ཡང་གཞས་དེ་བཏང་བ་དང་། ས་ཆ་དེའི་བུད་མེད་རྣམས་གཙང་བོའི་ཁར་གྱོན་ཆས་བཀྲུ་བར་ཡོང་སྐབས་ཁོང་ཚོས་སྡོང་རྩེ་ནས་གཞས་སྐྱོ་བོ་དེ་འདྲ་ཞིག་གྲགས་ཡོང་བ་ཐོས་པ་རེད། ཁོང་ཚོའི་བསམ་པར་གཞས་དེ་ནི་རླུང་བུ་གཡུག་ནས་ཤིང་སྡོང་གི་ལོ་མ་སྒུལ་བའི་སྒྲ་རེད་སྙམ་ཏེ་མུ་མཐུད་དུ་སོ་སོའི་ལས་ཀ་ལས་པ་རེད། ཡིན་ནའང་། ཁོང་ཚོའི་ནང་གི་བུད་མེད་གཅིག་གིས་གཞས་དེར་ཡག་པོ་ཉན་པ་རེད།
第二天早上,辛波薇亚又唱起了这首歌。附近的女人到溪水边来洗衣服,她们听到了树上传来的歌声。她们以为这是风穿过树叶的声音,于是就没有在意,继续洗衣服。但其中有个女人仔细地听着这首歌。
བུད་མེད་དེས་ཤིང་སྡོང་གི་རྩེ་ལ་ཡར་བལྟས་ཤིང་། སྡོང་རྩེ་ན་བུ་མོ་ཆུང་ཆུང་ཞིག་ཉལ་ཆས་ཁྲ་ཁྲ་ཞིག་མཉམ་དུ་ཡོད་པ་མཐོང་སྐབས། “སིམ་བྷེག་ཝི་རེ། ངའི་ཕུ་བོའི་བུ་མོ།” ཅེས་སྐད་བརྒྱབ་ནས་ངུས་པ་རེད། བུད་མེད་གཞན་པ་རྣམས་ཀྱིས་ཀྱང་གྱོན་ཆས་བཀྲུ་མཚམས་བཞག་སྟེ་སིམ་བྷེར་ཝར་སྡོང་རྩེ་ནས་མར་འབབ་པར་རོགས་བྱས་པ་རེད། མོ་རང་གི་ཨ་ནེ་མོ་ལ་འཐམ་ནས་སེམས་གསོ་བྱས་པ་རེད།
女人抬起头来看着那棵树。当她看到辛波薇亚和那条彩色的毯子时,她吓了一跳:“辛波薇亚,我哥哥的孩子!”其他的女人也停下了手里的活儿,帮助辛波薇亚从树上爬了下来。她的姑姑紧紧地抱着她,尽量安慰她。
སིམ་བྷེག་ཝི་རེ་གྱི་ཨ་ནེ་ཡིས་བུ་མོ་དེ་མོ་རང་གི་ནང་དུ་ཁྲིད་ཕྱིན་པ་དང་། མོས་སིམ་བྷེག་ཝི་རེ་ལ་ཁ་ལག་ཞིམ་པོ་སྤྲད། དགོང་མོ་ཁོ་མོའི་ཨ་མའི་ཉལ་ཆས་ཀྱི་ནང་དུ་ཡག་པོར་བཏུམ་ནས་ཉལ་བཅུག་པ་རེད། དགོང་མོ་དེར། སིམ་བྷེག་ཝི་རེ་ཉལ་སྐབས་ངུས་པ་རེད། ཡིན་ནའང་། སྐབས་དེའི་མིག་ཆུ་ནི་སེམས་ཁྲལ་ནས་ཐར་བའི་མིག་ཆུ་ཡིན་ལ། མོས་རང་གི་ཨ་ནེ་ཡིས་མོ་ལ་ལྟ་རྟོག་ཡག་པོ་བྱེད་པ་ཤེས་པ་རེད།
辛波薇亚的姑姑带着她去了自己家。她给辛波薇亚煮了美味的食物,又给她铺了床,让她盖着妈妈的毯子睡觉。那天晚上,辛波薇亚又哭着睡着了。不过这次是欣慰的泪水。她知道她的姑姑会照顾她。
སིམ་བྷེག་ཝི་རེ་གྱི་ཨ་ཕ་ཕྱིར་ཁྱིམ་དུ་ལོག་སྐབས། ཁོ་རང་གི་བུ་མོའི་ཉལ་ཁང་སྟོང་བ་ཡིན་པ་མཐོང་བ་རེད། ཁོས་སེམས་སྡུག་དང་བཅས་ཨ་ནི་ཊ་ལ། དོན་དག་ག་རེ་བྱུང་སོང་། ཞེས་དྲིས་པར། བུད་མེད་དེས་སིམ་བྷེག་ཝི་རེ་ས་ཆ་གཞན་པ་ལ་བྲོས་སོང་བ་རེད་ཅེས་འགྲེལ་བཤད་བྱས་པ་དང་། “མོས་ང་ལ་བརྩི་བཀུར་བྱེད་དགོས་ཀྱི་ཡོད། ཡིན་ནའང་ང་རང་ཏོག་ཙམ་དམ་དྲག་ཆེ་སོང་བ་འདྲ།” ཞེས་བཤད། སིམ་བྷེག་ཝི་རེ་གྱི་ཨ་ཕ་ཁྱིམ་ནས་ཐོན་ཏེ་གཙང་བོ་དེའི་བཞུར་རྒྱུན་དེད་ནས་ཡོང་བ་རེད། ཁོས་རང་གི་གཅུང་མོས་མཐོང་ཡོད་མེད་རྩད་གཅོད་བྱེད་པར་གཅུང་མོའི་གྲོང་གསེབ་དེར་ཡོང་བ་རེད།
辛波薇亚的爸爸回到家里,发现辛波薇亚的房间里空荡荡的。他疲倦极了,问阿妮塔发生了什么事。阿妮塔说辛波薇亚离家出走了。她解释道:“我只是想让她尊敬我,但是我可能太严格了。”辛波薇亚的爸爸跑出家门,沿着小溪去找辛波薇亚。他走到了妹妹的村庄,想问问她有没有见过辛波薇亚。
སིམ་བྷེག་ཝི་རེ་མོ་རང་གི་སྤུན་མཆེད་ཚོའི་མཉམ་དུ་རྩེད་མོ་རྩེས་ནས་བསྡད་ཡོད་སྐབས། ཐག་རིང་ན་མོ་རང་གི་ཨ་ཕ་ཡོང་གི་ཡོད་པ་མཐོང་བ་རེད། མོས་ཨ་ཕ་ཁོང་ཁྲོ་ལངས་སྲིད་པ་རེད་སྙམ་ནས་ཞེད་སྣང་སྐྱེས་ཤིང་། མགྱོགས་པོར་ཁྱིམ་ལ་བྲོས་ནས་ཡིབ་པ་རེད། ཡིན་ནའང་། མོ་རང་གི་ཨ་ཕ་ཚུར་ཡོང་ནས་བཤད་དོན། སིམ་བྷེག་ཝི་རེ། ཁྱོད་ཀྱིས་རང་ལ་ཨ་མ་ཡག་ཤོས་དེ་བརྙེད་འདུག ཁྱོད་རང་ལ་དགའ་བོ་བྱེད་མཁན་དང་བསམ་ཤེས་ཐུབ་མཁན་ཞིག་བརྙེད་འདུག “ང་ཁྱེད་རང་ལ་སྤོབས་པ་ཡོད་ལ། དགའ་བོའང་ཡོད་”ཅེས་བཤད་པ་རེད། དེ་ནས་ཁོང་ཚོ་ཚང་མས་སིམ་བྷེག་ཝི་རེ་མོ་རང་ག་ཚོད་ཅིག་བར་དུ་འདུག་འདོད་ཡོད་ན་དེའི་བར་དུ་མོ་རང་གི་ཨ་ནེ་མཉམ་དུ་འདུག་ཆོག་པར་མོས་མཐུན་བྱུང་བ་རེད།
辛波薇亚正在和她的表兄弟姐妹玩耍,但她突然看到了远处的爸爸。她害怕爸爸会生气,于是就跑到房子里躲了起来。但是爸爸找到她,对她说:“辛波薇亚,你自己找到了一个完美的妈妈,她爱你,理解你。我为你感到骄傲,我爱你。”他们商量后决定辛波薇亚可以和姑姑住在一起,想呆多久就可以呆多久。
མོ་རང་གི་ཨ་ཕ་ཉིན་རྟག་པར་མོ་ལ་ཐུག་པར་ཡོང་གི་ཡོད་ལ། ག་ལེར་བྱས་ནས་ཨ་ནི་ཊ་ཡང་མཉམ་དུ་ཡོང་བ་རེད། མོ་རང་སིམ་བྷེག་ཝི་རེ་ཡོད་སར་བཅར་ཏེ་ལག་མགོ་ནས་བཟུང་བ་དང་། “ངའི་བུ་མོ་སྙིང་རྗེ་མོ་ཁྱོད། དགོངས་དག ང་རང་རྦད་དེ་ནོར་བ་རེད།” ཅེས་ངུས་པ་དང་། “ང་ཁྱོད་ཀྱི་ཨ་མའི་ཚབ་བྱེད་པར་ཡང་བསྐྱར་གོ་སྐབས་ཤིག་སྤྲད་ན་འགྲིག་གི་རེད་དམ།” ཅེས་དྲིས་པ་རེད། སིམ་བྷེག་ཝི་རེ་གྱིས་ཨ་ཕར་བལྟས་པ་དང་ཁོ་རང་གི་སེམས་ཁྲལ་གྱི་ཞལ་རིས་མཐོང་བ་རེད། སིམ་བྷེག་ཝི་རེ་ག་ལེར་ཕར་བཅར་ཏེ། ཨ་ནི་ཊ་ཡི་སྐེ་ལ་འཐམ་པ་རེད།
辛波薇亚的爸爸每天都来看她。有一天,他和阿妮塔一起来了。阿妮塔朝辛波薇亚伸出手,她哭了:“我太抱歉了,小家伙,对不起,我错了,你可以再给我一次机会吗?”辛波薇亚看了看爸爸,看到他忧虑的脸庞。她朝前走了一步,抱住了阿妮塔。
བདུན་ཕྲག་རྗེས་མ་དེར། ཨ་ནི་ཊ་ཡིས་སིམ་བྷེག་ཝི་རེ་དང་མོ་རང་གི་ཨ་ནེ། སྤུན་མཆེད་བྱིས་པ་ཚོ་བཅས་ཁ་ལག་ལ་མགྲོན་འབོད་བྱས་པ་རེད། སྟོན་མོ་ཧ་ལས་པའི་ཡག་པོ་བྱུང་ལ། ཨ་ནི་ཊ་ཡིས་སིམ་བྷེག་ཝི་རེ་གྱི་དགའ་ཤོས་ཀྱི་ཟ་མ་རྣམས་བཟོས་པ་དང་། ཚང་མས་གྲོད་ཁོག་རྒྱག་ཚད་བར་དུ་ཁ་ལག་ལ་རོལ་བ་རེད། དེ་ནས་རྒན་པ་ཚོས་ཁ་བརྡ་བྱས་སྡོད་སྐབས་བྱིས་པ་རྣམས་རྩེད་མོ་རྩེས་ཤིང་། སིམ་བྷེག་ཝི་རེ་ནི་སེམས་པ་སྐྱིད་པོ་དང་མོ་རང་བློ་ཁོག་ཅན་ཞིག་ཡིན་པ་ཚོར་བ་རེད། མོས་གང་མགྱོགས་མགྱོགས་བྱས་ནས་ཕྱིར་རང་གི་ཁྱིམ་ལ་ལོག་སྟེ་ཨ་ཕ་དང་མ་ཚབ་མཉམ་དུ་འདུག་རྒྱུའི་སེམས་ཐག་བཅད་པ་རེད།
过了几天,阿妮塔邀请辛波薇亚,姑姑和姑姑的孩子们一起到家里吃饭。好丰盛啊!而且那都是辛波薇亚喜欢吃的东西,每个人都吃得津津有味。吃完饭,大人们在家里聊天,孩子们在外面玩耍。辛波薇亚觉得很开心,自己变得更加勇敢了。她决定不久以后就要回到家里,和自己的爸爸,继母住在一起。
作者: Rukia Nantale
插图: Benjamin Mitchley
译文: འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen
配音: པད་མ་ཆོས་སྒྲོན། Pema Choedon