གནའ་སྔ་མོའི་དུས་སུ། འཛམ་བུའི་གླིང་གི་མི་ཚང་མས་གཅིག་ཀྱང་ཤེས་གི་མ་རེད། མི་རྣམས་ཀྱིས་ཞིང་འདེབས་ཤེས་གི་མ་རེད། རས་འཐག་ཤེས་གི་མ་རེད། ལྕགས་རིགས་ཀྱི་ལག་ཆ་ཡང་བཟོ་ཤེས་གི་མ་རེད། འཛམ་བུའི་གླིང་གི་ཤེས་བྱ་ཚང་མ་ནམ་མཁའ་ན་བཞུགས་ཡོད་པའི་ལྷ་ཆེན་པོ་ནེ་མས་ཞུ་བ་ཁོང་གི་ཕྱག་ན་ཡོད་པ་རེད། ཁོང་གིས་ཤེས་བྱ་དེ་ཚང་མ་རྫ་མ་ཞིག་གི་ནང་ལ་བཅུག་ནས་བདག་པོ་བརྒྱབ་ཡོད་པ་རེད།
很久很久以前,人们什么都不知道。
他们不知道怎么耕田织布,也不知道怎么制造铁器。
天上的尼亚美神把世界所有的智慧都藏在一个砂锅里面。
ཉི་མ་གཅིག་ལ་ལྷ་ནེ་མས་ཁོང་གི་ཤེས་བྱ་ཚང་མ་ ཨ་ནན་སི་ ལ་གནང་རྒྱུ་བྱས་པ་རེད། ནམ་རྒྱུན་ནེ་མས་རྫ་མ་དེའི་ནང་ལ་གཟིགས་སྐབས་ཁོང་གིས་དོན་དག་གསར་པ་རེ་ཤེས་གིན་ཡོད་ལ། དེའི་རྐྱེན་གྱིས་ཁོ་རང་སྣང་བ་སྐྱིད་པོ་ཞིག་བྱུང་བ་རེད།
有一天,尼亚美决定把藏有智慧的砂锅交给蜘蛛神阿南西。
每当阿南西揭开砂锅往里看,他就会学到新的东西。他感到很兴奋!
སྐབས་དེར། ཧམ་སེམས་ཆེ་བའི་ནེ་མས་ཀྱི་སེམས་ལ། “ངས་རྫ་མ་འདི་ཤིང་སྡོང་མཐོན་པོ་ཞིག་གི་རྩེ་ལ་སྦེད་དགོས་ཀྱི་འདུག དེ་ལྟར་བྱས་པ་ཡིན་ན་འདི་ཚང་མ་ང་རང་གཅིག་པོར་དབང་གི་རེད།” ཁོ་རང་གིས་དེ་འདྲ་ཞིག་བསམ་པ་རེད། ཁོང་གིས་ཐག་པ་རིང་པོ་ཞིག་རྒྱུས་པ་དང་། ཐག་པ་དེས་རྫ་མ་དེ་ལ་སྐེ་རགས་བཅིངས་པ་ལྟར་དཀྲིས་བརྒྱབ་ནས་བཅིངས། ཐག་པའི་སྣེ་མོ་གཅིག་ཁོ་རང་གི་མདུན་གྱི་སྐེད་པ་ལ་བཏགས་པ་རེད། དེ་ནས་ཁོ་རང་ཤིང་སྡོང་དེའི་རྩེ་ལ་འཛེག་རྒྱུ་བྱས་པ་རེད། ཡིན་ནའང་། ཁོ་རང་ཡར་འཛེག་སྐབས་སུ་རྫ་མ་དེ་ཁོའི་པུས་མགོ་ལ་འཐོག་ནས་ཤིང་སྡོང་གི་རྩེ་ལ་འཛེག་ཁག་པོ་བྱུང་བ་རེད།
贪心的阿南西跟自己说,
“我把砂锅安放在树顶上,那样所有的智慧就都只属于我了!”
所以,他织出了一条长长的丝线,把砂锅牢牢地拴住,然后把丝线的另一端系在自己的肚子上。
他开始往那棵树上爬,
可是砂锅总是撞到他的腿,爬起来很辛苦。
ཁོ་རང་ཡར་འཛེག་ཐེངས་རེར་ཁོང་གི་བུ་ཆུང་བ་དེ་ཡོང་ནས་ཤིང་སྡོང་གི་རྩར་ལངས་ཏེ་ཁོ་ལ་བལྟས་བསྡད་པ་རེད། དེ་ནས་བུ་ཆུང་བ་དེས་ཨ་ཕ་ལགས་ལ། རྫ་མ་དེ་ཁྱེད་ཀྱི་རྒྱབ་ལ་བཏགས་ནས་འཛེག་ན་ལས་སླ་མོ་མེད་འགྲོ། ཅེས་བསམ་ཚུལ་ཞུས་པ་རེད། དེ་ནས་ ཨ་ནན་སི་ ཡིས་རྫ་མ་དེ་ཁོང་གི་རྒྱབ་ལ་བཏགས་ནས་ཡར་འཛེག་པ་དང་། དེ་ནི་མདུན་ལ་བཏགས་པ་ལས་ཧ་ཅང་གི་ལས་སླ་མོར་བྱུང་བ་རེད།
阿南西的儿子在树底下看到了一切。
他跟阿南西说,“把砂锅扛在背上不就容易了吗?”
于是阿南西就试着把砂锅扛在背上,果然容易很多。
ཅུང་མ་འགོར་བར་ཁོ་རང་ཤིང་སྡོང་གི་རྩེ་ལ་འཛེག་ཐུབ་སོང་བ་རེད། དེ་ནས་ཁོང་གིས་ངལ་གསོ་ཞིར་བསམ་བློ་བཏང་དུས། སྤྱིར་ན་འཛམ་བུའི་གླིང་གི་ཤེས་བྱ་ཚང་མ་ང་རང་གཅིག་པོར་དབང་དགོས་པ་ཡིན་ཀྱང་། ངའི་བུ་འདི་ང་ལས་རིག་པ་སྤྱང་པོ་འདུག ཨ་ནན་སི་ ཡིས་དེ་ལྟར་བསམ་པ་དང་ཁོང་ཁྲོ་ཆེན་པོ་ལངས་ཏེ། རྫ་མ་དེ་ཤིང་སྡོང་གི་རྩེ་ནས་ས་ལ་གཡུག་པ་རེད།
阿南西很快就爬到树顶上。
可是他突然想到一个问题:
“拥有所有智慧的人应该是我,可是刚才我儿子居然比我还聪明!”
阿南西气得差点跳起来了,一气之下竟把砂锅扔到树下。
རྫ་མ་དེ་ས་ལ་བརྒྱབ་ནས་ཆག་སྟེ་གས་འཐོར་དུ་ཕྱིན་པ་རེད། དེ་དང་མཉམ་དུ་རྫ་མའི་ནང་གི་ཤེས་བྱ་ཚང་མ་ས་ལ་འཐོར་བ་དང་། དེ་དག་མི་ཚང་མས་བཏུས་ནས་ཚང་མར་ཐོབ་སོང་བ་རེད། དུས་དེ་ནས་བཟུང་མི་རྣམས་ཀྱིས་ཤིང་འདེབས་རྒྱུ་དང་། རས་འཐག་རྒྱུ། ལྕགས་རིགས་ཀྱི་ལག་ཆ་བཟོ་རྒྱུ། དེའི་ཕན་གྱི་ཤེས་བྱ་ཧ་ཅང་མང་པོ་ཞིག་ཤེས་པ་དེ་ལྟར་དུ་བྱུང་བ་རེད།
砂锅一落地就碎成小片。
砂锅碎了,所有的智慧也跑了出来,大家可以自由分享了。
就是这样,世上的人们才学会如何耕田、如何织布,如何打铁做铁器,还有所有现在人会做的一切。